དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རང་རྒྱལ་གྱིས་གཙོ་གནད་དང་། གསར་དར། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པ་བཅས་ཀྱི་ཁྱབ་ཁོངས་ཀྱི་རིམ་པ་མཐོ་བའི་ཁྲིམས་འཛུགས་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-21

    ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་ཁྲིམས་རིག་པ་ལྷན་ཚོགས་ཁྲིམས་འཛུགས་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་2023ལོའི་རིག་གཞུང་ལོ་ཚོགས་ཐེན་ཅིན་དུ་འཚོགས་ཤིང་། གསར་འགོད་པས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་གྱི་ཁྲིམས་རིག་པའི་བཅའ་ཁྲིམས་ལས་དོན་པས་གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ཀྱི་རྒྱང་ལྟའི་རང་བཞིན་གྱི་ཞིབ་འཇུག་དང་རིགས་པའི་གཞུང་ལུགས་གསོག་འཇོག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་བཞིན་ཡོད་པ་མ་ཟད། ད་དུང་འབྲེལ་ཡོད་ཤེས་ལྡན་པའི་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་བཞིན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་འགོད་དུ་གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་གཙོ་གནད་དུ་བཞག་ནས“གང་ཞིག་འཛུགས་པའི”གནད་དོན་གལ་ཆེན་ཁ་གསལ་བཟོ་བར་སྔར་བས་དམིགས་ཡོད། དཔེར་ན། གསར་དར་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཀྱིས་མ་འོངས་པའི་འཕེལ་ཕྱོགས་ཆེན་པོར་དམིགས་པ་དང་། རྒྱང་ལྟའི་རང་བཞིན་གྱི་བཀོད་སྒྲིག་མངོན་པར་བྱས་ཏེ། ལག་རྩལ་གསར་པ་དང་། བཀོལ་སྤྱོད་གསར་པ། ལས་རྣམ་གསར་པ། རྣམ་པ་གསར་པ་བཅས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་སྲུང་ཐུབ་པར་བྱེད་པ་དང་། ཁྲིམས་འཛུགས་རིག་པའི་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱེད་པར་ངེས་པར་དུ་དུས་རབས་ཀྱི་བླང་བྱ་དང་ལག་ལེན་གྱི་དགོས་མཁོར་དམ་པོར་བསྟུན་ནས་རྒྱང་ལྟའི་རང་བཞིན་ངེས་ཅན་ལྡན་པའི་ཞིབ་འཇུག་དང་། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསོག་འཇོག ཁྲིམས་འཛུགས་ཀྱི་ལག་ལེན་ལ་ཞབས་འདེགས་ཞུ་བ་བཅས་བྱེད་དགོས།

    ཀྲུང་གོ་ཁྲིམས་རིག་པ་ལྷན་ཚོགས་ཀྱི་ཁྲིམས་འཛུགས་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ“དུས་རབས་གསར་པའི་ཁྲིམས་འཛུགས་རིགས་པའི་གཞུང་ལུགས་དང་ལག་ལེན”གྱི་མུ་འབྲེལ་འཆད་ཁྲིད་དང་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད། ད་ཐེངས་ཀྱི་རིག་གཞུང་ལོ་ཚོགས་ལ་ད་དུང“གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས”དང“ཚན་རྩལ་དང་མི་ཐབས་རིག་ནུས་ཀྱི་ཁྲིམས་འཛུགས”སོགས་ཡན་ལག་གླེང་སྟེགས་ཆེད་མངགས་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།