དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས།

    གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་རབ་དང་རིམ་པ་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-21

    ཉེ་ཆར། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུའི་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་དུ་ཐོན་པའི་འདི་ལོའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་གྱོད་གཞི་གསར་པར་ཁྲིམས་ལྟར་རྡུང་རྡེག་དང་བཅོས་སྒྲིག་ནན་པོ་བྱས་པ་རེད།

    གྱོད་གཞི་དང་པོ།

    2023ལོའི་ཟླ་9ཚེས་26ཉིན། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་མགོན་ཆེ་གེ་མོས། སྒོར་ཁྲི་9ལྷག་ཙམ་ཁ་བསླུས་ཤོར་སོང་བས་སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་གནང་རོགས་ཞེས་གྱོད་དོན་སྙན་སེང་ཞུས་པ་དང་ཟླ་10ཚེས་28ཉིན། གྱོད་སྒྲུབ་ཆེད་དོན་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་གྱོད་འབྲེལ་དངུལ་སྒོར་ཁྲི་1ལྷག་ཙམ་སྔོན་ལ་ཚུར་བླངས་ཤིང་། དེ་རྗེས་གྱོད་སྒྲུབ་ཆེད་དོན་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་མུ་མཐུད་གྱོད་གཞིར་དབྱེ་ཞིབ་དང་བརྡར་ཤ་བཅད་པ་བརྒྱུད། གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་ཏིང་ཆེ་གེ་མོ་ཨན་ཧུའེ་ཧོ་ཧྥེའི་རྒྱུད་དུ་ཡོད་པ་ཤེས། བཀོད་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། 2023ལོའི་ཟླ་11ཚེས་4ཉིན། ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་འོག ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཡའོ་ཧའེ་ཆུས་ནས་ཏིང་ཆེ་གེ་མོ་བཟུང་ཞིང་། གྱོད་འབྲེལ་དངུལ་སྒོར་ཁྲི་8ལྷག་ཙམ་ཚུར་བླངས་པ་དང་། མིག་སྔའི་བར། གྱོད་འབྲེལ་དངུལ་སྒོར་ཁྲི་9ལྷག་ཙམ་ཚུར་བླངས་ཡོད་པ་རེད།

    གྱོད་གཞི་གཉིས་པ།

    2023ལོའི་ཟླ་9ཚེས་26ཉིན། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་སུང་ཆེ་གེ་མོས་སྒོར་ཁྲི་38ལྷག་ཙམ་ཁ་བསླུས་ཤོར་སོང་བས་སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་གནང་རོགས་ཞེས་གྱོད་དོན་སྙན་སེང་ཞུས་པ་རེད། 2023ལོའི་ཟླ་10ཚེས་10དང་ཟླ་10ཚེས་17ཉིན། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་དངུལ་སྒོར་ཁྲི་17ལྷག་ཙམ་དང་སྒོར་ཁྲི་8ལྷག་ཙམ་སྔ་རྗེས་སུ་ཚུར་བླངས་པ་རེད། གྱོད་སྒྲུབ་ཆེད་དོན་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་གྱོད་གཞིའི་ཁུངས་སྣེར་དམ་པོར་དམིགས་ནས། གྱོད་གཞི་དང་འབྲེལ་བ་ཡོད་པའི་རྩིས་ཁྲའི་ཨང་གྲངས་ཀྱི་མ་དངུལ་གཏོང་སྤྲོད་ལ་སྔར་བས་གསེད་བཀྲོལ་དང་དབྱེ་ཞིབ་བྱས་ཤིང་། ཉེ་ཆར། སླར་ཡང་གྱོད་འབྲེལ་དངུལ་སྒོར་5000ལྷག་ཙམ་ཚུར་བླངས་ཡོད་པ་རེད།

    གྱོད་གཞི་གསུམ་པ།

    2023ལོའི་ཟླ་9ཚེས་27ཉིན། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་བློ་ཆེ་གེ་མོས་དྲ་ཐོག་ནས་བྲིན་རྫུ་བྱེད་སྐབས་སྒོར་ཁྲི་17ལྷག་ཙམ་ཁ་བསླུས་ཤོར་སོང་ཞེས་སྙན་སེང་ཞུས་པ་རེད། མི་དམངས་ཉེན་རྟོག་པས་འདྲི་རྩད་དང་དབྱེ་ཞིབ་བྱས་པ་བརྒྱུད། ཟླ་10ཚེས་16ཉིན་གྱོད་འབྲེལ་དངུལ་སྒོར་5000ལྷག་ཙམ་བདེ་བླག་ངང་ཚུར་བླངས་ཤིང་། དེ་རྗེས་མི་དམངས་ཉེན་རྟོག་པས་གྱོད་གཞི་དང་འབྲེལ་བ་ཡོད་པའི་རྩིས་ཁྲའི་དངུལ་གཏོང་ཡོང་ལ་གསེད་བཀྲོལ་དང་། དབྱེ་ཞིབ། བརྡར་ཤ་གཅོད་པ་བཅས་བྱས་པས་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཝུའུ་ཆེ་གེ་མོ་ཧུའུ་པེ་ཞིང་ཆེན་ཨེན་ཧྲི་གྲོང་ཁྱེར་རྒྱུད་དུ་ཡོད་པ་ཤེས། ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག 2023ལོའི་ཟླ་11ཚེས་4ཉིན། ཝུའུ་ཆེ་གེ་མོ་བཟུང་བ་དང་འབྲེལ་གྱོད་འབྲེལ་དངུལ་སྒོར་2000ལྷག་ཙམ་ཚུར་བླངས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།