དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བྱིས་པའི་དུས་ནས་མེ་ཟོན་ཤེས་བྱ་སྦྱོང་། འཚར་ལོངས་ལམ་དུ་བདེ་འཇགས་ཡོང་བར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-21

    འདི་ནི་གྲོགས་པོ་ཆུང་ཆུང་ཚོས་མེ་ཟོན་གྱོན་ཆས་གྱོན་བཞིན་པ།

    འདི་ནི་གྲོགས་པོ་ཆུང་ཆུང་ཚོས་མེ་ཟོན་དྲིལ་བསྒྲགས་པའི་ཁྲིད་སྟོན་འོག་119ལ་ཉེན་བརྡ་གཏོང་སྟངས་སྦྱོང་བཞིན་པ།

    འདི་ནི་གྲོགས་པོ་ཆུང་ཆུང་ཚོས་མེ་ཟོན་བཀོད་འཐབ་པར་རི་མོའི་བརྩམས་ཆོས་འབུལ་བཞིན་པ།

    མེ་ཟོན་བདེ་འཇགས་ཤེས་བྱ་སྔར་བས་ཁྱབ་གདལ་གཏོང་བ་དང་བུ་བཅོལ་ཁང་གི་ཕྲུ་གུའི་མེ་ཟོན་བདེ་འཇགས་ཀྱི་དོགས་ཟོན་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར་མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ས་ཁུལ་ཚོད་ལྟའི་བུ་བཅོལ་ཁང་དང་མཉམ་འབྲེལ་ཐོག་ངའི་སེམས་ནང་གི་མེ་ཟོན་པ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་119མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་ཞིང་། གྲོགས་པོ་ཆུང་ཆུང་ཚོ་མེ་ཟོན་ཚན་རིག་ཤེས་བྱ་ཁྱབ་གདལ་སློབ་གསོའི་རྟེན་གཞིར་བསྐྱོད་དེ་ཐག་ཉེ་ས་ནས་མེ་ཟོན་འཚོ་བར་ཉམས་ལེན་དང་། མེ་ཟོན་གྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར། མེ་ཟོན་ཤེས་བྱ་སློབ་སྦྱོང་བཅས་བྱས་པ་རེད།

    བྱེད་སྒོ་སྤེལ་རིང། མེ་ཟོན་བཀོད་འཐབ་པས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་གྲོགས་པོ་ཆུང་ཆུང་ཚོར་མེ་སྐྱོན་ཉེན་བརྡ་ཇི་ལྟར་གཏོང་བ་དང་མེ་ཤོར་ཡུལ་ནས་ཇི་ལྟར་ཕྱིར་འབྲོ་བ་སོགས་ཀྱི་མེ་ཟོན་བདེ་འཇགས་ཤེས་བྱ་གོ་བདེ་དོན་ཟབ་ངང་འགྲེལ་བཤད་བརྒྱབ་ཅིང་། མེ་ཟོན་ཡོ་ཆས་སྣ་ཚོགས་ཀྱི་མིང་དང་སྤྱོད་སྒོ་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་འབྲེལ་དགེ་རྒན་ཚོས་བཏོན་པའི་རྒྱུན་གཏན་གྱི་མེ་ཟོན་བདེ་འཇགས་གནད་དོན་ལ་འགྲེལ་བཤད་བརྒྱབ་པ་རེད། དེ་རྗེས་གྲོགས་པོ་ཆུང་ཆུང་ཚོས་དགེ་རྒན་གྱི་སྣེ་ཁྲིད་འོག་མེ་ཟོན་བཀོད་འཐབ་པར་རི་མོའི་བརྩམས་ཆོས་དང་གོས་དར་ཕུལ་ནས་མེ་ཟོན་བཀོད་འཐབ་པས་ལས་གནས་བརྟན་སྲུང་དང་བློས་གཏོང་མང་པོ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།