བོད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་གཏོད་གསར་གཏོད་ཀྱི་འགྲན་བསྡུར་ཆེན་པོ་ལྷ་སར་བྱས་པ།
ཟླ་11ཚེས་10ཉིན་ནས་ཚེས་17ཉིན་བར། ལྷ་སར་བོད་རང་སྐྱོང་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་གིས་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་གཏོད་གསར་གཏོད་ཀྱི་འགྲན་བསྡུར་ཆེན་པོ་བྱས་པ་རེད།
ད་རེས་ཀྱི་འགྲན་བསྡུར་ཆེན་པོ་སྤེལ་བའི་དམིགས་ཡུལ་ནི། འགྲན་བསྡུར་བརྒྱུད་དམག་ཞབས་ཐིམ་པའི་དམག་མིའི་གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེར་གཏོང་གིས་དམག་ཞབས་ཐིམ་པའི་དམག་མིར“ཚད་ལྡན་ཅན་དང་། སྣ་མང་ཅན། རྩེ་གྲ་ཅན”བཅས་ཀྱི་ལས་ཞུགས་དང་ལས་གཏོད་ཀྱི་ཁོར་ཡུག་བསྐྲུན་ཏེ། དམག་ཞབས་ཐིམ་པའི་དམག་མིའི་རང་ངོས་ཀྱི་ནུས་ཤུགས་དུས་རབས་ཀྱི་གསར་གཏོད་རླབས་རྒྱུན་ནང་འདྲེས་པར་བྱས་ནས་དེང་རབས་ཅན་འཛུགས་སྐྱོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ་ཆེད་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་སྤེལ་རིང་ལས་གཏོད་ཀྱི་དགེ་རྒན་དང་། མཐོ་སློབ་ཀྱི་ཞིབ་འཇུག་རིགས་གཅིག་མཁས་ཅན། བབ་མཚུངས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན། བབ་མཚུངས་ལས་རིགས་ཁྱབ་ཁོངས་ཀྱི་ལས་གཏོད་ཁེ་ལས་མཁས་ཅན། མ་རྩ་གཏོང་མཁན་སོགས་ལས་གྲུབ་པའི་འགྲན་བསྡུར་ཆེན་པོའི་དཔྱད་ཞིབ་ཨུ་ལྷན་གདན་དྲངས་ཏེ། འགྲན་བསྡུར་དུས་མཚམས་ཁག་གི་དཔྱད་ཞིབ་ལས་དོན་གྱི་འགན་འཁུར་བ་རེད། གཞན་ཡང་། ས་གནས་ཁག་གི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་གྱིས་བཅའ་ཞུགས་གླིང་ཁུལ་དང་སྐྱོང་སྤེལ་རྟེན་གཞི་སོགས་ཀྱི་ཐད་བྱ་དགའ་ཐོབ་པའི་ཁེ་ལས(ཚོགས་པ)ལ་གཟིགས་སྐྱོང་བྱས་ཏེ་ཁོ་ཚོའི་ལས་གཏོད་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།