དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-21

    གསར་འགོད་པར་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱིས་ཟླ་11ཚེས་13ཉིན་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་ཞིང་། གྲོང་ཁྱེར་ནང་གི་སྒྲིག་བཀོད་བཅོས་སྒྲིག་དང་། འགྲོ་ལམ་འགྲིམ་འགྲུལ་བཅོས་སྒྲིག ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག བདེ་འཇགས་ཐོན་སྐྱེད་བཅོས་སྒྲིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་བཅོས་སྒྲིག ཚད་ལྡན་ཁྲོམ་ར་བཅོས་སྒྲིག ལུས་པའི་གནད་དོན་བཅོས་སྒྲིག་སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད་ཀྱིས་མང་ཚོགས་ཀྱི་གླེང་མང་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གནད་དོན་བཅོས་སྒྲིག་ཚད་བརྒལ་ཡོང་གཞིར་བརྩིས་ཏེ་རྣམ་པ་ལེགས་སུ་ཤུགས་ཆེན་གཏོང་བ་དང་། སྒྲིག་འགལ་སྐྲུན་དངོས་བཤིག་གཏོར་ཤུགས་ཆེན་བྱེད་པ། སྒྲིག་ཆས་ཆ་ཚང་དུ་ཤུགས་ཆེན་གཏོང་བ། ཁོར་ཡུག་བཅོས་སྒྲིག་ཤུགས་ཆེན་བྱེད་པ། ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རིག་གནས་སྔོག་འདོན་གང་ལེགས་བྱེད་པ། མཛེས་ལྗོངས་ཁུལ་འཛུགས་སྐྲུན་ཤུགས་ཆེན་བྱེད་པ་བཅས“ཐབས་བདུན་མཉམ་སྤྱོད”ཀྱི་བསམ་ཕྱོགས་ལྟར། གྲོང་ཁྱེར་ནང་གི་སྒྲིག་བཀོད་བཅོས་སྒྲིག་དང་། འགྲོ་ལམ་འགྲིམ་འགྲུལ་བཅོས་སྒྲིག ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག བདེ་འཇགས་ཐོན་སྐྱེད་བཅོས་སྒྲིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་བཅོས་སྒྲིག ཁྲོམ་ར་བཅོས་སྒྲིག ཤུལ་ལུས་གནད་དོན་བཅོས་སྒྲིག་སོགས“བྱ་སྤྱོད་ཆེན་པོ་བརྒྱད”ལག་བསྟར་བྱས་ནས་གྲོང་ཁུལ་སྟོབས་ཆེར་གཏོང་བ་དང་། ཤང་དང་གྲོང་རྡལ་འཕེལ་རྒྱས་ལེགས་པོ་གཏོང་བ། གྲོང་གསེབ་མཛེས་སུ་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་མཛེས་སྡུག་ལྡན་པ་དང་། སྐྱེ་ཁམས་བཟང་བ། རྣམ་པ་མཐུན་སྦྱོར། གྲོང་ཚོ་བཀོད་གཙང་། དམངས་སྲོལ་ཤེས་དཔལ་བཅས་ཀྱི་རྣམ་པ་གསར་པ་ཞིག་ཕྱོགས་ཡོངས་ནས་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།