དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྗོངས་ཡོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་དང་ཁྲིམས་སྒྱུར་ལྟ་སྐུལ་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-21

    ཉེ་ཆར། ལྗོངས་ཡོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་དང་ཁྲིམས་སྒྱུར་ལྟ་སྐུལ་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་ཚོགས་འདུར་ཕེབས་པ་དང་གཏམ་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་སྲིད་འཛིན་ཁྲིམས་སྒྱུར་དང་ཁྲིམས་སྒྱུར་ལྟ་སྐུལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོས་སྲིད་འཛིན་ཁྲིམས་སྒྱུར་དང་ཁྲིམས་སྒྱུར་ལྟ་སྐུལ་ལས་དོན་སྐོར་ལ་གནང་བའི་མཆན་བཀོད་མཛུབ་སྟོན་དང་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་སྦྲགས་འབྱུང་འགྱུར་ལོ་གསུམ་རིང་ལྗོངས་ཡོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་གྱི་སྤུས་ཚད་ལེགས་སུ་གཏོང་བར་བཀོད་སྒྲིག་ཀྱང་བྱས་པ་དང་། དེ་དང་ཆབས་ཅིག ཚོགས་འདུའི་ཐོག་ད་དུང་རང་སྐྱོང་ལྗོངས་རིམ་པའི་སྲིད་འཛིན་ཁྲིམས་སྒྱུར་གྱི་དམིགས་བསལ་གདན་ཞུའི་ལྟ་སྐུལ་བ་ཁག་དང་པོར་གདན་ཞུའི་ལག་ཁྱེར་སྤྲད་པ་དང་། རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ་པའི་སྲིད་འཛིན་ཁྲིམས་སྒྱུར་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་རྟགས་ཀྱང་སྤྲད་པ་རེད།

    ཚོགས་འདུར་བསྟན་དོན། ལྗོངས་ཡོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྲིད་འཛིན་ཁྲིམས་སྒྱུར་དང་ཁྲིམས་སྒྱུར་ལྟ་སྐུལ་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། གཙོ་གནད་ལས་འགན་ཁོང་དུ་ཆུད་པར་བྱས་ནས་རང་ལྗོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་གྱི་སྤུས་ཚད་ལེགས་སུ་དང་ཁྲིམས་སྒྱུར་ལྟ་སྐུལ་གྱི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྩ་འཛུགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་དང་ཁྲིམས་སྒྱུར་ལྟ་སྐུལ་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།