“འབྱོར་ཐོ་ཉིས་འགོད”དོན་འཁྱོལ་བྱས་ནས“བསམ་འདུན་ཆུང་ངུ”བསྒྲུབས་པ།
ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་ཉིས་འགོད་དང་སྐར་མ་ཉིས་གསོག”གི་དང་བླངས་ཞབས་ཞུའི་བྱེད་སྒོ་དོན་འཁྱོལ་དང་ཕན་འབྲས་སྲ་བརྟན་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་ལས་དོན་ཁྲོད་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་ནུས་པ་སྔར་བས་འདོན་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་ཏང་དོན་ཨུ་ལྷན་གྱིས“ལས་དོན་ཨུ་ལྷན་ཆེན་པོའི”ཁོངས་གཏོགས་ཚན་པ་དང་འབྲེལ་གཏུག་བྱས་ནས་མང་ཚོགས་ཀྱི“བསམ་འདུན་ཆུང་ངུ”མཉམ་དུ་རྩིས་ལེན་པའི་བྱེད་སྒོ་སྤེལ་བ་རེད། འདི་ནི་འབྲེལ་ཡོད་ཁྱིམ་ཚང་གི“བསམ་འདུན་ཆུང་ངུ”གཞིར་བཟུང་། ལས་ཐོག་ཏང་ཡོན་ཚོས“འབྱོར་ཐོ་ཉིས་འགོད་དང་སྐར་མ་ཉིས་གསོག”གི་བྱེད་སྒོར་མཉམ་དུ་རྩིས་ལེན་བཞིན་པ།