དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས། ཐབས་བཟང་སྤྱད་ནས་དཀའ་ངལ་བསལ།

    —— དིང་རི་རྫོང་གིས་རྒྱལ་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་དཔེ་སྟོན་རྫོང་འཛུགས་གཏོད་ལས་དོན་གཏིང་ཟབ་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    ཉེ་བའི་ལོ་ཤས་རིང་། དིང་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཡང་དག་འགོ་ཁྲིད་འོག་དིང་རི་རྫོང་གིས་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་དཔེ་སྟོན་རྫོང་འཛུགས་གཏོད་ལས་དོན་གཏིང་ཟབ་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    དམངས་ཀྱི་དཀའ་ངལ་སེལ་བའི“ཞབས་ཞུའི་ས་ཚིགས”བཙུགས་པ།

    དིང་རི་རྫོང་གིས་རྫོང་ཡིག་འབུལ་ཞུ་བཅར་ལས་དོན་མཉམ་བཞུགས་ཚོགས་འདུའི་གཞུང་དོན་ཁང་དང་། ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་། མི་སྤྱི་ཅུས། སྤྱི་བདེ་ཅུས་སོགས་ཁོངས་གཏོགས་ཚན་པ་ལས་གྲུབ་པའི་དྲིལ་བསྒྲགས་རུ་ཁག་བཙུགས་ནས། གཅིག་སྡུད་སྒྲོག་འགྲེལ་དང་སྐོར་སྐྱོད་སྒྲོག་འགྲེལ་ཟུང་དུ་འབྲེལ་བའི་བྱ་ཐབས་བརྒྱུད། ཤང་དང་གྲོང་རྡལ་13དང་གྲོང་ཚོ(གྲོང་ལྷན)24ལ་བསྐྱོད་དེ“མང་ཚོགས་དང་འབྲེལ་འདྲིས”དང“དྲོ་སྐྱིད་ལྡན་པའི”ཁྲིམས་སྐྱོང་དྲིལ་བསྒྲགས་དང་སློབ་གསོའི་བྱེད་སྒོ་སྤེལ་ནས་དྲིལ་བསྒྲགས་ཀྱི་ཐབས་ལམ་རྒྱུན་ཆད་མེད་པར་ཡངས་སུ་བཏང་བ་རེད།

    སྒྲོག་འགྲེལ་བྱེད་རིང་། གོ་བདེ་ཤེས་སླའི་སྐད་ཆར་བརྟེན་ནས་མང་ཚོགས་ཚོར་རྩ་ཁྲིམས་དང་། དམངས་དོན་ཁྲིམས་གཞུང་། བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་བཅས་དང་དེ་བཞིན《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་གསལ་འགྲེལ་བྱས་པ་དང་། མང་ཚོགས་ཉེ་འགྲམ་གྱི་ཡིག་འབུལ་ཞུ་བཅར་གྱི་དཔེ་མཚོན་གྱོད་དཔེ་དང་། ཁྲིམས་ལྟར་ཡིག་འབུལ་ཞུ་བཅར་བྱེད་པའི་གོ་རིམ་དང་སྒྲིག་སྲོལ། ཞུ་བཅར་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱེད་སྤྱོད་ཀྱི་གནོད་འཚེ་སོགས་འབྲེལ་ཡོད་ནང་དོན་གཙོ་གནད་ཐོག་གསལ་འགྲེལ་བྱས་པ་མ་ཟད། ས་གནས་ས་ཐོག་ནས་མང་ཚོགས་ཀྱི་རེ་འདུན་ཉན་པ་དང་མང་ཚོགས་ཀྱི་དོགས་གནད་ལ་ལན་རྒྱག་པ་དང་། མང་ཚོགས་ཀྱིས་ཁྲིམས་མཐུན་ཐབས་ལམ་བརྒྱུད་ཁེ་ཕན་གྱི་བདེ་སྡུག་ཞུ་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། མང་ཚོགས་ཀྱིས་རྒྱུན་གཏན་གྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་སྒྲིག་ལམ་རང་འགུལ་ངང་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཚོས་སྒོ་རྩ་ནས་བཅའ་ཁྲིམས་ཀྱི་ཤེས་བྱ་རྟོགས་པར་བྱས་ཡོད།

    ཁྲིམས་སྲོལ་དྲིལ་བསྒྲགས་ཀྱི“གར་སྟེགས”ཆེ་རུ་བཏང་བ།

    སྐད་འཕྲིན་སྤྱི་རྟགས་ལ་བརྟེན་ནས་དྲིལ་བསྒྲགས་བྱས་ཤིང་། སྨྱན་སྦྱོར་གསར་པའི་ལས་སྟེགས་གང་ལེགས་སྤྱད་དེ་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་ཆེ་རུ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་བ་མ་ཟད། རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས“ཇོ་རིའི་སྐར་ཁུང”དང“དིང་རི་རྫོང་འགྲེམས་བསྒྲགས”ཀྱི་སྐད་འཕྲིན་སྤྱི་རྟགས་སུ《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》གི་ནང་དོན་ཆ་ཚང་དང་། “ཡིག་འབུལ་ཞུ་བཅར་ལས་དོན་གྱི《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》གསར་པ་ལག་བསྟར་དང་མི་དམངས་ཀྱི་ཆེད་དུ་ཡིག་འབུལ་ཞུ་བཅར་མཐའ་འཁྱོངས་བྱེད་པའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཟླ་བའི་བརྡ་ཁྱབ་སོགས་ཀྱི་ནང་དོན་སྤེལ་བ་དང་། 《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》སྐོར་གྱི་བོད་སྐད་དྲིལ་བསྒྲགས་བརྙན་ཐུང་བརྒྱུད་བསྐུར་བྱེད་པ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་དང་ཡུལ་སྐོར་བར་ཡིག་འབུལ་ཞུ་བཅར་བྱེད་མཁན་གྱི་ཁེ་དབང་དང་འོས་འགན་ཤེས་སུ་འཇུག་པ། མང་ཚོགས་ཀྱིས་ཁྲིམས་ལྟར་རིམ་པ་བཞིན་ངོ་བཅར་དང་ཚུལ་མཐུན་ངང་རེ་འདུན་ཞུ་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་པ་དང་འབྲེལ། ཁྲིམས་འགལ་ཡིག་འབུལ་ཞུ་བཅར་བྱེད་སྤྱོད་ཀྱི་མཇུག་འབྲས་གསལ་བཤད་ཀྱང་བྱས་ཏེ་མང་ཚོགས་ཚོས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་རྒྱུན་གཏན་སྒྲིག་ལམ་ལ་རང་འགུལ་ངང་སྲུང་སྐྱོང་ཐུབ་པར་བྱས་ཡོད།

    ཁྱུག་དབྱིངས་ཀྱི“དྲ་ཐོག་མིང་ཅན”ལ་བརྟེན་ནས་དྲིལ་བསྒྲགས་བྱེད་རོགས་བྱས་ཤིང་། དྲ་རྒྱའི་སྨྱན་སྦྱོར་ལས་སྟེགས་ལུགས་མཐུན་ངང་སྤྱད་པ་དང་། ས་གནས་དེ་གའི“དྲ་ཐོག་མིང་ཅན”གྱི་ཐོན་ཁུངས་སྤྱད་དེ“དྲ་ཐོག་མིང་ཅན”གྱི་ནུས་པ་གང་ལེགས་བཏོན་པ། རྫོང་སློབ་གསོ་ཅུས་སློབ་གསོ་ཆ་འཕྲིན་ཅན་སྐུལ་སྤེལ་གཞུང་དོན་ཁང་གི་འགན་འཁུར་བ་དང་ས་ཆ་དེ་གའི་དྲང་ནུས་ལྡན་པའི་ཁྱུག་དབྱིངས་མིང་ཅན་གདན་དྲངས་ཏེ་ཁྱུག་དབྱིངས་དང་སྐད་འཕྲིན་གྱི་བརྙན་ཐུང་ལས་སྟེགས་བརྒྱུད་དུས་གཅིག་ཏུ《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》ལག་ལེན་བསྟར་ནས་ལོ་གཅིག་འཁོར་བའི་དྲིལ་བསྒྲགས་བརྙན་ཐུང་སྤེལ་བ་མ་ཟད། 《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》གི་ནང་དོན་གཙོ་བོ་དང་ཡིག་འབུལ་ཞུ་བཅར་གྱི་རེ་འདུན་ཞུ་བའི་ཐབས་ལམ་ངོ་སྤྲོད་བྱས་ཏེ་རང་སྨྱན་སྦྱོར་དང་ཁྲིམས་སྐྱོང་དྲིལ་བསྒྲགས་ཟུང་དུ་འབྲེལ་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་དང་སློབ་གསོའི་ཐབས་ལམ་ཡངས་སུ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་སིམ་ཤུགས་ཆེ་རུ། དྲིལ་བསྒྲགས་ཀྱི་ཕན་འབྲས་ཐོབ་རྒྱ་ཆེ་རུ་བཏང་བ་རེད།

    སྣ་མང་ཅན་ལ་བརྟེན་ནས་བཀྲག་མདངས་འཚེར་ས་བཏོད་པ།

    “དྲ་སྦྲེལ་+ཡིག་འབུལ་ཞུ་བཅར”གྱི་ལས་དོན་སྤེལ་སྟངས་ལ་སྐུལ་སྤེལ་ཤུགས་ཆེན་བཏང་སྟེ། དམངས་ཀྱི་ཆེད་དུ་ཡིག་འབུལ་ཞུ་བཅར་གྱི་ཞབས་འདེགས་ཞུ་བའི་ཐབས་ལམ་རྒྱུན་ཆད་མེད་པར་ཡངས་སུ་བཏང་ཞིང་། “དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་བྱེད་ཐབས་བབ་བསྟུན་ངང་སྤྱད་དེ་བར་ཐག་གི་འགོག་རྐྱེན་བསལ་ནས་སྐད་འཕྲིན་གྱི་བརྙན་ལམ་ཚོགས་གླེང་དང་ཁ་པར་ནས་འདུམ་འགྲིག་སོགས་ཀྱི་བྱེད་ཐབས་ཚན་རིག་དང་མཐུན་པའི་ངང་སྤྱད་དེ་ཡིག་འབུལ་ཞུ་བཅར་གྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་གང་མགྱོགས་ཐག་གཅོད་བྱས་ནས“གྲངས་གཞི་བཀོལ་སྤྱོད་བྱེད་པ་ལས་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པའི”ལས་ཀའི་དམིགས་ཚད་མངོན་འགྱུར་བྱུང་བས། དམངས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད།

    འདི་ལོ་ཚུན་དུ། དིང་རི་རྫོང་གིས“དྲ་ཐོག་འདུམ་འགྲིག”བརྒྱུད་ཡིག་འབུལ་ཞུ་བཅར་གྱི་འགལ་ཟླ་དང་རྩོད་གཞི་ཁག་7བསལ་ནས་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་5.05མི་ཕོག་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།