དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ།

    —— བོད་ཀྱིས“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་སུའོ”བཙུགས་ནས་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    འདི་ནི་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཧང་ཀྲོའུ་གྲོང་ཁྱེར་དུ་ལྗོངས་ཡོངས་ཀྱི་དུས་ཐེངས་གཉིས་པའི་ཁྲིམས་འཛིན་སུའོ་ཡི་སུའོ་ཀྲང་གི་གསོ་སྦྱོང་འཛིན་གྲྭ་གཉེར་བའི་རྣམ་པ་ཡིན་པ།

    དཔལ་འབྱོར་གླིང་ཤང་ཁྲིམས་འཛིན་སུའོ་ནི་རང་ལྗོངས་ཀྱི་ཚད་ལྡན་ཅན་གྱི་ཁྲིམས་འཛིན་སུའོ་འཛུགས་སྐྱོང་བྱས་པའི་བསྡུས་རིས་ཤིག་རེད། 2020ལོའི་ཟླ་8པར། རང་ལྗོངས་ཀྱི་ཁྲིམས་འཛིན་སུའོ་འཛུགས་སྐྱོང་བྱེད་པར་མི་འདང་བའི་ཆ་ཡོད་པ་དང་། འཕེལ་རྒྱས་རྗེས་ལུས་ཡིན་པ། ཞབས་འདེགས་ཞུ་རྒྱ་ཆེན་པོ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་གཞི་ཚུགས་ནས། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ལྗོངས་ཡོངས་སུ་ཚད་ལྡན་ཅན་གྱི་ཁྲིམས་འཛིན་སུའོ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་སུའོ”གཏོད་པའི་ལོ་གསུམ་གྱི་བྱ་སྤྱོད་སྤེལ་ཏེ། ཁྲིམས་འཛིན་སུའོ་ཡི་ལས་ཀའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱོགས་ཡོངས་ནས་གཏོང་རྒྱུའི་གཏན་འབེབས་བྱས་ཡོད།

    ཡུལ་བབ་དང་བསྟུན་ནས་ཁྲིམས་འཛིན་སུའོ་བཙུགས་པ།

    2019ལོའི་ཟླ་7པར། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཁྲིམས་འཛིན་ཅུས་ཀྱིས་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། ཞབས་འདེགས་ཞུ་རྒྱ་ཆེ་བ། ཁྲིམས་འཛིན་སུའོ་ཡི་ཞབས་འདེགས་ཞུ་ཤུགས་མི་འདང་བ་བཅས་ཀྱི་དོན་དངོས་ལ་གཞི་ཚུགས་ནས། ཆུས་འདི་གའི་གནས་ཚུལ་དང་ཟུང་འབྲེལ་གང་ལེགས་བྱས་ཁར། ཡུག་ཁུལ་ཅན་གྱི་ལྟེ་བའི་ཁྲིམས་འཛིན་སུའོ་འཛུགས་རྒྱུའི་ལས་ཀའི་བསམ་ཕྱོགས་གསར་པ་བཏོན་པ་མ་ཟད། རང་སྐྱོང་ལྗོངས་སུ་ཡུག་ཁུལ་ཅན་གྱི་ཞབས་ཞུའི་ལྟེ་གནས་ཀྱི་ཁྲིམས་འཛིན་སུའོ་དང་ཐོག་བཙུགས་ཏེ། དུས་རབས་གསར་པའི་ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སུའོ་འཛུགས་པར་ཐབས་ལམ་གསར་པ་དང་ཉམས་མྱོང་གསར་པའང་འཚོལ་ཞིབ་བྱས་ཡོད།

    ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྒྲོལ་མས་ངོ་སྤྲོད་བྱས་པར། གསེར་རྙེད་ཆུས་ཁྲིམས་འཛིན་ཅུས་ཀྱིས“སྤྱི་འདོམས་གཅིག་དང་འགན་ནུས་ཆེན་པོ་བཞིའི”བླང་བྱ་གཞིར་བཟུང་། ལས་སྒོ་ཁག་གཞི་རིམ་ཁྲིམས་འཛིན་ཁང་དུ་སྣུར་སྲིང་བྱས་ཤིང་། མི་དམངས་འདུམ་འགྲིག་ལྟེ་གནས་དང་། ཁྲིམས་འཛིན་སྲིད་འཛིན་གྱི་དམིགས་བསལ་མི་ཚོགས་དོ་དམ་གཞུང་ལས་ཁང་། སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་སྐར་ཁུང་། ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་གཞུང་ལས་ཁང་སོགས་ཞབས་ཞུའི་ལས་སྟེགས་བཙུགས་ཏེ། ལྟེ་བའི་ཁྲིམས་འཛིན་སུའོ་དང་ཁྱབ་ཁོངས་ཤང་གྲོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་པ་མ་ཟད། ཁྱབ་ཁོངས་ཤང་གྲོང་དུ་ལས་དོན་ས་ཚིགས་བཙུགས་ཏེ་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་སེལ་གཅོད་དང་། མང་ཚོགས་ཀྱི་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ། གཙོ་གནད་མི་ཚོགས་ཀྱི་འཕེལ་ཕྱོགས་སོགས་དུས་ཐོག་ཏུ་སྙན་སེང་ཞུས་ནས་ཁྲིམས་འཛིན་སུའོ་ཡི་དོ་དམ་ཞབས་ཞུ་ཕྱོགས་ཡོངས་སུ་ཁྱབ་པར་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱིས་ཡུལ་བབ་དང་བསྟུན་ནས་ཁྲིམས་འཛིན་སུའོ་འཛུགས་པ་དང་། མི་འབོར་མང་བ་དང་དེ་བཞིན་མཐའ་མཚམས་དང་འགྲིམ་འགྲུལ་ཆ་རྐྱེན་ཞན་པ་སོགས་དམིགས་བསལ་ས་གནས་ཀྱི་ཤང་གྲོང(ཁྲོམ་གཞུང)དུ་ཁྲིམས་འཛིན་སུའོ་ལོགས་སུ་འཛུགས་པ། ཤང་གྲོང(ཁྲོམ་གཞུང)གཞན་དག་ཏུ་ལྟེ་བའི་ཁྲིམས་འཛིན་སུའོ་འཛུགས་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ། ཁྲིམས་འཛིན་སུའོ་ཡི་ཞབས་འདེགས་ཞུ་རྒྱ་ཆེ་རུ་ནུས་ལྡན་བཏང་ནས་ཁྲིམས་འཛིན་སུའོ་ཡི་ཞབས་ཞུ་དོ་དམ་གྱི་སྟོང་ཆ་བསྐངས་ཡོད།

    མང་ཚོགས་ཀྱིས་སྤུས་ལེགས་ཀྱི་བཅའ་ཁྲིམས་ཞབས་ཞུ་ལོངས་སྤྱོད་ཐུབ་པ།

    གཞི་རིམ་བཅོས་སྐྱོང་ལ་ཞབས་འདེགས་ཞུས་ནས་མང་ཚོགས་ཀྱིས་སྤུས་ལེགས་ཀྱི་བཅའ་ཁྲིམས་ཞབས་ཞུ་ལོངས་སྤྱོད་ཐུབ་ཆེད། 2021ལོའི་ཟླ་6པར་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁྲབ་རྨོག་ཁྲིམས་འཛིན་སུའོ་ཡིས་ཁྲབ་རྨོག་གྲོང་རྡལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ཁྲིམས་ལུགས་སྒོ་རྩིས་ཚོང་ཁང”བཙུགས་པ་དང“བཅའ་ཁྲིམས་རོགས་སྐྱོབ”དང་། “འགལ་ཟླ་དང་རྩོད་གཞི་སེལ་གཅོད” “བཅའ་ཁྲིམས་དཔེ་དེབ་ཁང” “བཅའ་ཁྲིམས་ཡིག་རིགས”སོགས་མ་དཔེ་བཏོན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་སྦྱོང་ཁྲིམས་སྤྱོད་དང་། མི་དམངས་འདུམ་འགྲིག བཅའ་ཁྲིམས་རོགས་སྐྱོབ། བཅའ་ཁྲིམས་བློ་འདྲི། གཞུང་དཔང་ཕྱོགས་སྟོན་སོགས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་བསྐངས་ཡོད།

    འདི་ལོ་ནི་རང་ལྗོངས་ཀྱི་ཚད་ལྡན་ཅན་གྱི་ཁྲིམས་འཛིན་སུའོ་འཛུགས་སྐྱོང་གི་ལོ་གསུམ་བྱ་སྤྱོད་ཀྱི་མཇུག་བསྡུའི་ལོ་རེད། ཚད་ལྡན་ཅན་གྱི་ཁྲིམས་འཛིན་སུའོ་འཛུགས་སྐྱོང་བྱས་པའི་གྲུབ་འབྲས་སྔར་བས་སྲ་བརྟན་དང་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་གོ་སྐབས་སུ་བྱས་ཏེ། 《བོད་རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་སུའོ”འཛུགས་གཏོད་ཀྱི་དཔྱད་བསྡུར་གཏན་འབེབས་ཇུས་གཞི》བཟོས་པ་དང་། ཁྲིམས་འཛིན་སུའོ་ཡི་ཆབ་སྲིད་འཛུགས་སྐྱོང་དང་། རྩ་འཛུགས་ཀྱི་དཔུང་ཁག་འཛུགས་སྐྱོང་། ཚད་ལྡན་ཅན་འཛུགས་སྐྱོང་། གཞི་རིམ་གྱི་དུས་བདེ་འཛུགས་སྐྱོང་། གཞི་རིམ་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་། ལས་དོན་འགན་ལེན་ལ་ཤུགས་སྣོན། ཁྱད་ལྡན་གྱི་སྤུས་རྟགས་གསར་གཏོད་བཅས་ཕྱོགས་བདུན་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཁྲིམས་འཛིན་སུའོ”འཛུགས་གཏོད་དང་དཔྱད་བསྡུར་གཏན་འབེབས་བྱེད་པར་ཞིབ་ཕྲའི་དམིགས་ཚད་ཁག་57བཟོས་པ། གཞི་རིམ་ཏང་ཨུད་དང་སྲིད་གཞུང་གིས་ཁས་ལེན་པ་དང་། མི་དམངས་ཀྱི་བློ་ཡིད་འཚིམ་པ། ནུས་པ་ཡག་པོ་འདོན་པ་བཅས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་སུའོ”ཁག་གཅིག་འཛུགས་གཏོད་བྱེད་པར་སྐུལ་འདེད་བཏང་བ། གནད་ཀྱིས་ཁྱོན་ལ་སྣེ་ཁྲིད་བྱས་ནས་ཕྱོགས་ཡོངས་ལ་སྐུལ་འདེད་བཏང་བ། “ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་སུའོ”ཡི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཁྲིམས་འཛིན་སུའོ་ཡིས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བ་དང་། གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། གཞི་རིམ་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་ཟབ་ཏུ་གཏོང་བ་བཅས་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་ཡོད།

    མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ།

    སྒེར་རྩེ་རྫོང་དུང་མཚོ་ཁྲིམས་འཛིན་སུའོ་ནི་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་དུང་མཚོ་ཤང་དུ་ཡོད་པ་དང་། ཞབས་འདེགས་ཞུ་ཡུལ་ཤང་དང་གྲོང་རྡལ་2ཀྱི་གྲོང་ཚོ་གྲོང་ལྷན་8དང་། ཁོངས་གཏོགས་ཁུལ་དུ་ཆེད་བསྐོས་མི་དམངས་འདུམ་འགྲིག་པ་1དང་ལས་འགན་གཅིག་ལྕོགས་འཁུར་མཁན་མི་དམངས་འདུམ་འགྲིག་པ་56ཡོད། ལས་འགན་གཅིག་ལྕོགས་འཁུར་མཁན་མི་དམངས་འདུམ་འགྲིག་པ་དེ་དག་གྲོང་ཚོའི་ཧྲུའུ་ཅི་དང་། ཚུན་ཀྲང་། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི། གྲོང་ཚོར་སྙན་གྲགས་ཆེ་བའི་མི་བཅས་ལས་གྲུབ་ཡོད།

    ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སུའོ་ཡིས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱས་ཤིང་། གཞི་རིམ་བཅོས་སྐྱོང་ཟབ་ཏུ་གཏོང་རྒྱུ་དེ་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལག་ལེན་བྱ་གཞིར་བརྩིས་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་སྔོན་འགོག་བྱེད་རྒྱུ་དམིགས་ཚད་དུ་བཟུང་བ། “གཉིས་ལྡན་དུད་སྦྲེལ”དང་དྲ་མིག་ཅན་གྱི་དོ་དམ་གཞི་རྟེན་དུ་བྱས་པ། གཞི་རིམ་གྱི་འཐབ་ས་དང་པོ་དང་རྩོད་གཞི་འབྱུང་སར་ཐད་ཀར་དམིགས་པ་སོགས་ལས་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ཐུབ་ཚད་95%ཡན་ཟིན་ཏེ། མི་དམངས་འདུམ་འགྲིག་པས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི“འགོག་སྲུང་འཛིང་རཌ་དང་པོའི”ནུས་པ་གང་ལེགས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།