པར་རིས་གསར་འགྱུར།
ཉིན་ཤས་གོང་། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་ཝུའུ་ཧྭ་ཡོན་ཉིང་ལག་རུ་ཁག་ལ་བསྐྱར་དུ་ལོག་པ་དང་། སྒོར་ཁྲི་119རི་བའི་ནགས་ཚལ་མེ་གསོད་ཀྱི་ཆུ་འཐེན་འཕྲུལ་འཁོར་དང་དྲིལ་བསྒྲགས་སྒྲིག་ཆས་ཁག་གཅིག་རང་གིས་ཉོས་ནས་དེ་སྔའི་ཚན་པར་ཞལ་འདེབས་བརྒྱབ་སྟེ་དམག་མིའི་བརྩེ་སེམས་ཀྱིས་སྤྱི་ཕན་བགྲོད་ལམ་གསལ་བར་བྱས་པ་རེད། འདི་ནི་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་བཀོད་འཐབ་པ་རྣམས་ཞལ་འདེབས་མཛད་སྒོར་ཞུགས་པ།