དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གིས།

    དགུན་དུས་ཀྱི་གྲབས་གསོག་དངོས་ཟོག་དུས་ཐོག་ཏུ་མཐའ་སྲུང་གི་འཐབ་ས་དང་པོར་བསྐྱལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    ཉེ་ཆར། བོད་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས“སྐྱེལ་འདྲེན་གྱིས་སྦྱོང་བརྡར་གྱི་ཚབ་བྱེད་པ་དང་། རྒན་པས་གཞོན་པ་འཁྲིད་པའི”བྱེད་ཐབས་བརྒྱུད་ལ་ཀླུང་མང་པོ་བརྒལ་ནས་ལས་འགན་བསྒྲུབས་ཏེ། རི་རྒྱ་མ་བསྡམས་གོང་དགུན་དུས་ཀྱི་གྲབས་གསོག་དངོས་ཟོག་མཐའ་སྲུང་གི་འཐབ་ས་དང་པོར་བསྐྱལ་བ་རེད།

    ལམ་བར་དུ་ས་དབྱིབས་རྙོག་འཛིང་ཆེ་ཞིང་། མུ་ཁྱུད་དུ་ཆཌ་པའི་རི་རྒྱུད་དང་གྲོག་རོང་གཡང་གཟར་བ་མ་ཟད་ད་དུང་འཁྱགས་རོམ་དང་། གྲམ་ཐང་སོགས་ས་དབྱིབས་སྣ་མང་ཡོད་དེ། ལམ་བར་གྱི་ཡར་སྟོད་བྲག་ལར་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཡོད་པ་དང་། ལོ་མང་རིང་གངས་གསོག་ཐེབས་པའི་ལམ་ཐག་སྤྱི་ལེ་50ལྷག་ཙམ་བརྒྱུད་དགོས་ཀྱི་ཡོད་ལ། བགྲང་གིས་མི་ལང་བའི་དཀྱོག་ལམ་སྣ་ཚོགས་དང་། གསོ་རླུང་འདུས་ཚད་ནང་སའི་50%ཡང་ཟིན་གྱི་མེད་པས་རླངས་འཁོར་དམག་མིའི་ངོས་ནས་བརྗོད་ན་ཛ་དྲག་པའི་འགྲན་སློང་ཞིག་རེད།

    སྣུམ་རྒྱུ་དང་དངོས་ཟོག་བྱུར་བུར་བླུགས་པའི་རླངས་འཁོར་གཏོང་སྐབས་ཚང་མས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་ནུས་ཀྱི་མེད། སྐྱེལ་འདྲེན་ལམ་བུ་དེར་ལོ་བཅུ་ལྷག་ཙམ་སྐྱོད་མྱོང་བའི་དམག་མི་རྒན་གྲས་ཡིན་ནའང་དེར་སྐྱོད་ཐེངས་རེར་སྔར་བཞིན་གཟབ་ནན་ཆེན་པོ་བྱེད་ཅིང་། རིར་མ་འཛེགས་གོང་ཚང་མས་དུས་ཚོད་དམ་འཛིན་གྱིས་རླངས་འཁོར་ལ་ཞིབ་བཤེར་བྱས་ནས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཡོད་པའི་ལ་དེ་བརྒལ་རྒྱུར་གྲ་སྒྲིག་ཚགས་ཚུད་བྱེད་ཀྱི་ཡོད།

    ཉིན་ཁ་ཤས་རིང་ལམ་ཐག་རིང་པོར་བསྐྱོད་རྗེས་རླངས་འཁོར་དམག་མིས་དངོས་ཟོག་བདེ་བླག་ངང་དམིཌ་སར་བསྐྱལ་ཏེ། བདེ་འཇགས་ངང་ད་ཐེངས་ཀྱི་སྐྱེལ་འདྲེན་འགན་ལེན་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེཌ་སྒྲུབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།