དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • རྫིག་ཉམས་དོད་པའི་ས་མཐོའི་འཚོལ་སྐྱོབ་རྫི་ཁྱི།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    ཁོ་ཚོ་ནི་ཁྱི་ཡིན་ལ་འཐབ་འཛིང་པའང་ཡིན། ཁོ་ཚོར་འཐབ་རྩལ་སྣ་དགུ་འཛོམས་ཞིང་། ཉེན་ཆེའི་གནོད་འཚེའི་ཁུལ་དུ་མེ་ཟོན་རོགས་སྐྱོབ་པ་ཚོར་རོགས་རམ་བྱས་ཏེ་སྟབས་ལེགས་ནས་སྲོག་ཉེན་ལས་ཐར་མཁན་དག་འཚོལ་རོགས་བྱེད་ཀྱི་ཡོད། ཁོ་ཚོ་ནི་མེ་ཟོན་རོགས་སྐྱོབ་པ་ཚོའི་འཐབ་གྲོགས་ཡིན། ཕུལ་བྱུང་གི་འཚོལ་སྐྱོབ་རྫི་ཁྱི་རེ་རེར་ཕུལ་བྱུང་གི་རྩལ་ཁྲིད་པ་རེ་ཡོད་པ་དང་། འཚོལ་སྐྱོབ་རྫི་ཁྱི་བཀོད་སྒྲིག་བྱས་པ་ནས་བཟུང་རྩལ་ཁྲིད་པ་ཚོས་སེམས་ནུས་ཡོད་རྒུ་བཏོན་ནས་སྦྱོང་བརྡར་ཐེངས་མང་བྱས་པ་ན། གཞི་ནས་འཚོལ་སྐྱོབ་རྫི་ཁྱི་དང་མ་གྲོས་གཅིག་མཐུན་བྱུང་ནས་འཚོལ་སྐྱོབ་རྫི་ཁྱིས“བཀའ་མཐའ་གཅིག་ཏུ་དང་ལེན་བྱེད་པའི”སྦྱོང་བརྡར་གྱི་ཕན་འབྲས་ཐོན་གྱི་ཡོད།

    པར་འདི་དག་ནི་རྩལ་ཁྲིད་པ་དང་འཚོལ་སྐྱོབ་རྫི་ཁྱི་ཡིན་པ།

    ཁྱི་ལ་དགའ་བས་ཁོ་དང“ཞའོ་ལུང”ལས་འབྲེལ་བྱུང་བ།

    ཞུས་ཧྲའོ་ལུའེ་ནི་ཡུན་ནན་ནས་ཡིན་ཞིང་། 2014ལོར་ལས་ཀར་ཞུགས་པ་དང་ད་ལྟ་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་འཚོལ་སྐྱོབ་རྫི་ཁྱིའི་རྩལ་ཁྲིད་པའི་འགན་འཁུར་གྱི་ཡོད། “ཞའོ་ལུང”ནི་མཱ་ལི་ནོ་ཨེ་ཁྱིའི་རིགས་ཡིན་ཞིང་། ད་ལོ་ལོ་3དང་ཕྱེད་ཀ་ཙམ་ཡིན་པ་དང་། གྲུང་ཤ་དོད་པའི་ཁྱི་དེ་ནི་ཞུས་ཧྲའོ་ལུའེ་ཡི་ལས་རོགས་ཡིན།

    ཞུས་ཧྲའོ་ལུའེ་དང“ཞའོ་ལུང”ནི་2020ལོར་ལས་འབྲེལ་བྱུང་ཡོད་ལ། སྐབས་དེ་དུས་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་འཚོལ་སྐྱོབ་རྫི་ཁྱིའི་དཔུང་ཁག་ཅིག་འཛུགས་རྩིས་ཡོད་པ་དང་། ནམ་རྒྱུན་ཁྱི་ལ་དགའ་པོ་ཡོད་པས་ཞུས་ཧྲའོ་ལུའེ་ཡིས་རང་འགུལ་ངང་མིང་ཐོ་བཀོད་ཅིང་། མི་རིང་བར་ཧྲན་ཏུང་གི་འཚོལ་སྐྱོབ་རྫི་ཁྱིའི་གསོ་སྦྱོང་རྟེན་གཞིར་སློབ་སྦྱོང་བྱེད་པར་བཏང་བ་རེད། ཞུས་ཧྲའོ་ལུའེ་ཡིས་འཚོལ་སྐྱོབ་རྫི་ཁྱི་མང་པོའི་ཁྲོད་ནས་སྐྱེས་ནས་ཟླ་བ་གཉིས་ཙམ་ལས་ཕྱིན་མེད་པའི“ཞའོ་ལུང”བདམས་ཤིང་། ཟླ་གསུམ་རིང་གསོ་སྦྱོང་རྩལ་ཁྲིད་པ་བྱས་རྗེས་ཞུས་ཧྲའོ་ལུའེ་རྩལ་ཁྲིད་པ་ཞིག་ཏུ་གྱུར། “མ་གཞི་ཁྱི་ལ་ཧ་ཅང་དགའ་པོ་ཡོད་མོད། སྦྱོང་བརྡར་གང་འདྲ་བྱེད་དགོས་མིན་ཤེས་ཀྱི་མི་འདུག ཞའོ་ལུང་དང་འབྲེལ་འདྲིས་བྱས་མ་ཐག་པའི་སྐབས་དེར་ལག་པར་སོ་མང་པོ་བཏབ་སོང”ཞེས་ཞུས་ཧྲའོ་ལུའེ་ཡིས་བཤད་ཞོར་དུ་རྨ་ཁ་ཡོད་པའི་ལག་པ་གསར་འགོད་པར་བསྟན་བྱུང་། འཚོལ་སྐྱོབ་རྫི་ཁྱི་དང་འདྲིས་ཐབས་བྱེད་པ་ནི་གོམ་པ་དང་པོ་ཡིན། དངོས་སུ་ལས་དོན་སྒྲུབ་སྐབས་མི་དང་ཁྱི་ཕན་ཚུན་གཞོགས་འདེགས་ཡག་པོ་བྱེད་དགོས། ཞུས་ཧྲའོ་ལུའེ་ཡིས“ཞའོ་ལུང”གི་འཚོ་བའི་གོམས་གཤིས་ལ་ཞིབ་ལྟ་དང་སེམས་ཁམས་ལ་རྒྱུས་ལོན་བྱས་ཤིང་། དུས་ཡུན་ངེས་ཅན་ཞིག་སོང་རྗེས་ཞུས་ཧྲའོ་ལུའེ་དང“ཞའོ་ལུང”གཉིས“སྙིང་ཉེ་ཤོས་ཀྱི་གྲོགས་པོར”གྱུར་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།