དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ཤིན་ཅང་པ་ཁེ་ཐུ་འགག་སྒོའི་ལོ་བརྒྱའི་ཁྲོམ་རར་རྣམ་པ་གསར་པ་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    པ་ཁེ་ཐུ་འགག་སྒོ་ནི་ཤིན་ཅང་ཐ་ཁྲེང་ས་ཁུལ་དུ་གནས་ཤིང་། ཧ་སག་སི་ཐན་དང་ས་སྦྲེལ་རེད། ནུབ་ཨེ་ཤེ་ཡ་དབུས་མ་དང་། ཨེ་ཤེ་ཡ་ནུབ་མ། ཨུ་རུ་སུ། དེ་བཞིན་ཡོ་རོབ་རྒྱལ་ཁབ་ཁག་དང་འབྲེལ་ཡོད་ཅིང་། ད་བར་ལོ་བརྒྱ་ལྷག་ཙམ་གྱི་ཚོང་འགྲུལ་ལོ་རྒྱུས་ལྡན་ཡོད།

    ཉེ་བའི་ལོ་ཤས་རིང་། ཐ་ཁྲེང་ས་ཁུལ་གྱིས་མཐའ་མཚམས་མི་སེར་གྱི་ཁྲོམ་རའི་ཚོང་དོན་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས“ཡོངས་སུ་ནང་འདྲེན་དང་ཡོངས་སུ་ཕྱིར་གཏོང”གི་བྱེད་ཐབས་ལེགས་སུ་གཏོང་བ་དང་། དོན་འཁྱོལ། ལས་སྣོན་བཅས་ཟམ་མི་ཆད་པ་དང་། ས་ཁུལ་ནང་ཁུལ་གྱི་ཉོ་ཚོང་བྱེད་སྟངས་རྒྱུན་མཐུད་གསར་གཏོད་བྱས་ནས་པ་ཁེ་ཐུ་འགག་སྒོའི་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཐའ་མཚམས་མི་སེར་གྱི་ཁྲོམ་རའི་ཚོང་དོན་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་པའི་དུས་མཚམས་སུ་སླེབས་ཡོད།

    འདི་ནི་ཟླ་11ཚེས་7ཉིན། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་བསྡད་ནས་པ་ཁེ་ཐུ་འགག་སྒོའི་ཀྲུང་ཧའི་མཐའ་མཚམས་མི་སེར་གྱི་ཁྲོམ་རའི་དར་གོས་ལམ་བུའི་རིག་གནས་ཚོང་ཟོག་གྲོང་དུ་འབྱོར་བའི་ཡུལ་སྐོར་བ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།