དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རང་ལྗོངས་ཀྱི“119”ཡི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    མེ་ཟོན་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།

    དམག་ཁྱིས་རོགས་སྐྱོབ་རྩལ་ནུས་སྦྱོང་བཞིན་པ།

    མང་ཚོགས་ཀྱིས་མེ་ཟོན་པའི་མཛུབ་ཁྲིད་འོག་མེ་ཟོན་རོགས་སྐྱོབ་སྒྲིག་ཆས་སྤྱོད་བཞིན་པ།

    མང་ཚོགས་ཀྱིས་མེ་ཟོན་བདེ་འཇགས་ཀྱི་བྱ་དགའ་སྤྲོད་པའི་ལན་འདེབས་བྱེད་སྒོར་ཧུར་ཐག་ཞུགས་བཞིན་པ།

    སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འཐུས་མིས་མེ་ཟོན་རོགས་སྐྱོབ་ཀྱི་སྒྲིག་ཆས་ལ་ལྟ་བཞིན་པ།

    ཉེ་ཆར། 2023ལོའི་བོད་རང་སྐྱོང་ལྗོངས་ཀྱི“119”ཡི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་ཕོ་བྲང་པོ་ཏ་ལའི་ཞོལ་དུ་འཚོགས་པ་རེད།

    མཛད་སྒོར་འབྲེལ་ཡོད་ལས་དོན་མི་སྣས། མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ་ནི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱ་སྤྱོད་དངོས་ཞིག་རེད་ལ། སྤྱི་ཚོགས་ཡོངས་ཀྱིས་མེ་ཟོན་ལ་དོ་ཁུར་དང་། མེ་ཟོན་སློབ་སྦྱོང་། མེ་ཟོན་ལ་ཞུགས་པ་བཅས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། རིམ་ཁག་སྡེ་ཚན་ཁག་གིས་གཏོགས་ཁོངས་དང་། ལྟ་འདོམས། བྱེད་པོའི་འགན་འཁྲི་བཅས་དོན་འཁྱོལ་ནན་པོ་བྱས་ནས། “སྲིད་གཞུང་གིས་གཅིག་གྱུར་འགོ་ཁྲིད་དང་། སྡེ་ཚན་གྱིས་ཁྲིམས་ལྟར་ལྟ་སྐུལ། ཚན་པས་ཕྱོགས་ཡོངས་ནས་འགན་འཁུར་བ། སྤྱི་དམངས་ཧུར་ཐག་ཞུགས་པ”བཅས་ཀྱི་མེ་ཟོན་བདེ་འཇགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་དང་འབྲེལ། མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་གོ་སྐབས་སུ་བྱས་ནས་དྲིལ་བསྒྲགས་ནང་ཞུགས་རྒྱ་ཆེ་རུ་གཏོང་བ་དང་དྲིལ་བསྒྲགས་གནད་དུ་འཁེལ་ཚད་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་ནས། དམངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ།“སྔོན་འགོག་གཙོ་བོར་འཛིན་པ་དང་ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།