དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཞིབ་དཔྱོད་འགན་ནུས་ལ་ཤུགས་སྣོན་བརྒྱབ་སྟེ་ལང་ཚོ་སྲུང་བ།

    —— གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་གི་ལས་དོན་ཧུར་ཐག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་གཏིང་ཟབ་ཕྱོགས་སུ་མུ་མཐུད་སྐུལ་འདེད་གཏོང་ཆེད། ཉེ་ཆར། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སློབ་གྲྭའི་ཉེ་འཁོར་གྱི་བཟའ་བཅའི་བདེ་འཇགས་དང་དེ་བཞིན་ཐ་མག་ཆེད་ཚོང་སོགས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ་རེད། འདི་ནི་ཁྲིམས་སྒྱུར་བས་སློབ་གྲྭའི་ཉེ་འཁོར་གྱི་བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་བྱེད་བཞིན་པ།

    “གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་སྒྱུར་པས་སློབ་གྲྭའི་ཉེ་འཁོར་གྱི་ཚོང་ཁང་དང་སྟབས་བདེའི་ཚོང་ཁང་སོགས་སུ་བཟའ་བཅའི་བདེ་འཇགས་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་མཐོང་སྐབས་ཁྱིམ་བདག་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞིབ་དཔྱོད་ཁང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་བྱེད་པའི་བྱེད་སྒོ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད”ཅེས་གྲ་ནང་རྫོང་གི་གྲོང་མི་ཆོན་སྒྲོན་གྱིས་བཤད།

    ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་གཏིང་ཟབ་ཕྱོགས་སུ་མུ་མཐུད་སྐུལ་འདེད་གཏོང་ཆེད། ཉེ་ཆར། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སློབ་གྲྭའི་ཉེ་འཁོར་གྱི་བཟའ་བཅའི་བདེ་འཇགས་དང་དེ་བཞིན་ཐ་མག་ཆེད་ཚོང་སོགས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ་རེད།

    “ཚོང་གཉེར་ལག་ཁྱེར་དང་། ཟས་རིགས་འཐེན་ཉོའི་ཐབས་ལམ་གྱི་འབྲེལ་ཡོད་འཛིན་ཤོག འབྲེལ་ཡོད་ཀྱི་ཚོང་ཟོག་ཚད་ལོན་ལག་ཁྱེར་སོགས་སྟོན་རོགས” ཁྲིམས་སྒྱུར་པ་ས་ཆ་རེར་སླེབས་རིམ་བཞིན་བཟའ་བཅའ་གཉེར་སྐྱོང་ཚོང་པའི་གཉེར་སྐྱོང་ལག་ཁྱེར་དང་གཉེར་སྐྱོང་རྣམ་གྲངས་དང་། དུས་ཚོད་ཡོལ་བ་དང་། སྤུས་ཞན། “མེད་པ་གསུམ”བཅས་ཀྱི་བཟའ་བཅའ་འཚོང་མིན་ལ་ཞིབ་བསྡུར་ཞིབ་ཕྲ་བྱེད་ཀྱི་ཡོད།

    གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་སྒྱུར་པས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས་རྫོང་ཁོངས་ཀྱི་སློབ་གྲྭའི་ཉེ་འཁོར་གྱི་ཚོང་ཁང་དང་སྟབས་བདེའི་ཚོང་ཁང་སོགས་བཟའ་བཅའི་འཁོར་རྒྱུག་གཉེར་སྐྱོང་ཚན་པ་གཙོ་གནད་དུ་བྱས་ནས་བཟའ་བཅའ་འཚོང་ཆོག་པའི་ལག་ཁྱེར་ཡོད་མེད་དང་། བཟའ་བཅའི་ལས་གཉེར་བའི་བདེ་ཐང་བརྟག་དཔྱད། བཟའ་བཅའ་འཐེན་པར་ཞིབ་བཤེར་རྩིས་ལེན། ཉོ་ཚོང་རྩིས་ཁྲ། ཁོར་ཡུག་འཕྲོད་བསྟེན། ཐོན་རྫས་སྤུས་ཚད། ཐ་མག་དང་ཆང་རག་འཚོང་མི་ཆོག་པའི་དྲན་སྐུལ་སོགས་ཀྱི་གནས་ཚུལ་ལ་གྲལ་བཤེར་ནན་པོ་བྱེད་ཀྱི་ཡོད། ཞིབ་བཤེར་བྱས་པ་ལས་ཤེས་རྟོགས་བྱུང་བར། ཚོང་ཁང་ག་གེ་མོར་དུས་ཚོད་ཡོལ་བའི་ཟས་རིགས་བཙོངས་པའི་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་པས། དེ་མ་ཐག་ཏུ་ལྟ་སྐུལ་འོག་དུས་ཚོད་ཡོལ་བའི་ཟས་རིགས་102མེད་པ་བཟོ་རུ་བཅུག་པ་རེད།

    གོམ་སྟབས་རྗེས་མར་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་མུ་མཐུད་དམིགས་ཏེ་ན་སོ་དར་ལ་མ་བབས་པའི་མིའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་སྲུང་སྐྱོང་ཧུར་ཐག་བྱས་ཏེ། ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས་ཀྱི་ཞིབ་དཔྱོད་འགན་འཁྲི་ལག་བསྟར་བྱས་པ་བརྒྱུད། “གྱོད་གཞི་བདག་གཉེར་ལ་ལྟ་སྐུལ-རིགས་མཐུན་གྱོད་གཞིར་ལྟ་སྐུལ—བརྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་བྱེད་པའི”བཅའ་ཁྲིམས་ལྟ་སྐུལ་གྱི་ཐབས་ལམ་དོན་འཁྱོལ་བྱེད་པ་དང“ཁྲིམས་འཛིན་སྲུང་སྐྱོང”གི་འགག་སྒོ་སྔ་སྣུར་དུ་བཏོད་དེ་གྱོད་གཞི་སྒྲུབ་པའི་ཕན་འབྲས་དེ་སྤྱི་ཚོགས་བཅོས་སྐྱོང་གི་ཕན་འབྲས་སུ་འགྱུར་བ་བྱས་ཡོད། དེ་དང་ཆབས་ཅིག“ཕྱིར་མིག་ལྟ་བའི”ལས་དོན་ཧུར་ཐག་སྤེལ་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་འཛིང་རགས་བརྟན་དུ་བཏང་སྟེ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་རྣམ་པ་ཆེན་པོ་ཞིག་ཆགས་པ་བྱེད་པ་དང་། ན་སོ་དར་ལ་མ་བབས་པའི་མིར་ཞིབ་དཔྱོད་བྱེད་པའི་ལས་ཀའི་རྣམ་པ་གསར་པ་ཞིག་འཚོལ་ཞིབ་བྱས་ནས་ན་སོ་དར་ལ་མ་བབས་པའི་མིའི་སྤྱི་ཚོགས་ཅན་གྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།