དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • འདམ་གཞུང་རྫོང་གིས་གྲོང་ཁུལ་གྱི་གློག་སྐུད་ཟང་ཟིང་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    ཉེ་ཆར། འདམ་གཞུང་རྫོང་སྲིད་གཞུང་གིས་གྲོང་ཁྱེར་དོ་དམ་གྱི་གཙོ་གནད་ལས་དོན་དམིགས་ནས། འདམ་གཞུང་རྫོང་གྲོང་གི་གློག་སྐུད་ཟང་ཟིང་བཅོས་སྒྲིག་གི་མཐུན་སྦྱོར་ཚོགས་འདུ་འཚོགས་ཏེ། འདམ་གཞུང་རྫོང་གྲོང་གི་གློག་སྐུད་ཟང་ཟིང་ལ་གྲལ་བཤེར་བྱས་པའི་གནས་ཚུལ་སྙན་སེང་དང་འབྲེལ་ཡོད་ཚན་པའི་གྲོང་ཁུལ་གྱི་གློག་སྐུད་ཟང་ཟིང་བཅོས་སྒྲིག་གི་བསམ་འཆར་ཉན་ནས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། གློག་སྐུད་ཟང་ཟིང་བཅོས་སྒྲིག་གི་གནད་དོན་ནི་འདམ་གཞུང་རྫོང་གི་རྣམ་པ་ལེགས་སུ་གཏོང་བའི་བྱེད་ཐབས་དང་། རྫོང་ཡོངས་ཀྱི་གཙོ་གནད་ལས་དོན་གལ་ཆེན་ཞིག་ཡིན་པས། ཚན་པ་ཁག་གིས་ཚད་མཐོའི་མཐོང་ཆེན་དང་ཕྱར་བ་གྲུ་འདེགས་བྱས་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། ཀུང་སི་ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ལས་ཀ་དེར་མཐོང་ཆེན་པོ་བྱས་ནས་གཞོགས་འདེགས་གང་ལེགས་བྱེད་དགོས། ཚོགས་འདུའི་ཐོག་ད་དུང་བསྟན་དོན། འབྲེལ་ཡོད་སྡེ་ཚན་གྱིས་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་གྲངས་གསལ་རྟོགས་དང་། ལས་ཡུན་ལྡོག་རྩིས་རྒྱག་པ། བཅོས་སྒྲིག་གི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བཅས་བྱེད་དགོས། ལས་དོན་བཀོད་གཏོང་ལམ་སྲོལ་ཆགས་པར་བྱས་ནས་ཆེད་མིས་འགན་འཁུར་བ་དང་དཀའ་ངལ་ཁྱད་བསད་ཀྱིས་གློག་སྐུད་ཟང་ཟིང་བཅོས་སྒྲིག་གི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།