དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཆབ་མདོ་གོ་འཇོ་རྫོང་རྩེ་པ་ཤང་མངཌ་གཏོང་ཁང་གིས།

    གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཤིག་བཀག་སྡོམ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་རྩེ་པ་ཤང་གི་མང་ཚོགས་གཅིག་བྲེལ་འཚུབ་ངང་རྩེ་པ་ཤང་མངགས་གཏོང་ཁང་དུ་ཡོང་ནས་མི་དམངས་ཉེན་རྟོག་པར“ངས་དྲ་ཐོག་ནས་དངུལ་བུན་གཡར་འདོད་བྱུང་བས། དངུལ་བུན་གཡར་མཁན་ཡིན་ཞེས་ཟེར་མཁན་ཞིག་གིས་ང་ལ་ཕ་རོལ་པོར་དངུལ་སྒོར་ཁྲི་3བསྐུར་རྗེས་དངུལ་ཁང་གཱ་སྤྱོད་ཐུབ་པ་བྱས་ཆོག”ཅེས་ཤོད་ཀྱི་འདུག་ཅེས་བཤད། ཉེན་རྟོག་པས་དེ་ཐོས་མ་ཐག་དོགས་པ་སྐྱེས་ནས་ཁོ་པའི་ལག་ཐོགས་ཁ་པར་གྱི་ཟིན་ཐོར་བལྟས་ཏེ་མང་ཚོགས་དེར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཐེབས་བཞིན་པ་ཤེས་རྗེས་དངུལ་བསྐུར་མཚམས་འཇོག་ཏུ་བཅུག་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐུ་ཞབས་ཚའེ་ལགས་དངུལ་བུན་སྒོར་ཁྲི་10གཡར་འདོད་བྱུང་ནས་དྲ་རྒྱའི་དངུལ་བུན་གྱི་APP“རྡེབ་རྡེབ་དངུལ་བུན”ཕབ་ལེན་བྱས་པ་དང་། “ཚོང་ཞབས”ཡིན་ཟེར་མཁན་དེའི་བསླུ་བྲིད་འོག་དུས་འགོའི་ཆ་འཕྲིན་བརྒྱངས་པ་མ་ཟད། ཞིབ་བཤེར་སོགས་བརྒྱུད་རིམ་གཉེར་བ་རེད། དེ་རྗེས“ཚོང་ཞབས”དེས་ཁོ་པའི་སྐད་འཕྲིན་བསྣན་པ་དང་སྐད་འཕྲིན་ནས་ཁོང་གིས་མཁོ་འདོན་བྱས་པའི་དངུལ་ཁང་གཱའི་ཨང་གྲངས་ནོར་འདུག་པས་སྒོར་ཁྲི་3བསྐུར་ནས་དངུལ་ཁང་གཱ་སྤྱོད་ཐུབ་པ་བྱས་རྗེས་གཞི་ནས“རྡེབ་རྡེབ་དངུལ་བུན”APPནས་དངུལ་བུན་གཏོང་ཐུབ་ཅེས་གསལ་བཤད་བྱས། དངུལ་བུན་གཡར་བར་བྲེལ་བ་ཆེ་བས་སྐུ་ཞབས་ཚའེ་ལགས་ཀྱིས་འཕྲལ་མར་ཉེ་འགྲམ་གྱི་གཉེན་ཉེ་དང་གྲོགས་པོ་ཚོའི་ས་ནས་སྒོར་ཁྲི་3གཡར་ཐབས་བྱས། “ཚོང་ཞབས”ཀྱིས་དངུལ་བསྐུར་དགོས་པའི་ཚ་འདེད་བཏང་བས། ཁོ་པར་དོགས་པ་སྐྱེས་ནས་མངགས་གཏོང་ཁང་དུ་མི་དམངས་ཉེན་རྟོག་པར་བཙལ་བར་ཡོང་བ་རེད། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མགོ་སྐོར་ཐེབས་པའི་གྱོད་དཔེ་དང་བཅའ་ཁྲིམས་སྲིད་ཇུས་རབ་དང་རིམ་པ་གསལ་བཤད་བྱས་པས་ཁོ་པ་གཞི་ནས་ཡིད་ཆེས་ཏེ་ཁ་བསླུས་རྒྱག་མཁན་ལ་དངུལ་བསྐུར་མཚམས་བཞག་པ་དང་འབྲེལ་ཡོད་དངུལ་བུན་གྱི་APPདང་ཕ་རོལ་པོའི་སྐད་འཕྲིན་ཡང་བསུབ་པ་ལས་གྱོང་གུན་སྒོར་ཁྲི་3མི་ཕོག་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།