དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • རྒན་གཞོན་སེམས་མཐུན་དུག་འགོག་ལས་ལ་འབད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    གཞོན་ནུ་ལོ་ཆུང་ལ་དུག་འགོག་གི་དྲིལ་བསྒྲགས་སློབ་གསོ་རྒྱག་པའི་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་ནས་སློབ་མའི་དུག་རྫས་ངོས་འཛིན་དང་། དུག་རྫས་སྔོན་འགོག དུག་རྫས་སྤོང་བ་བཅས་ཀྱི་འཇོན་ཐང་སྔར་བས་ཆེ་རུ་གཏོང་བ་དང་། གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ། བདེ་འཇགས་ཞི་མཐུན་གྱི་སློབ་གྲྭའི་ཁོར་ཡུག་གཏོད་པ། དུས་བདེ་དང་ལྗང་མདོག་གི་སློབ་གྲྭ་འཛུགས་སྐྱོང་བཅས་བྱ་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་སྤྱི་བདེ་ཅུས་དུག་འགོག་གཞུང་དོན་ཁང་གིས་རྫོང་ཆ་ཚང་སློབ་ཆུང་དང་མཉམ་དུ“རྒན་གཞོན་སེམས་མཐུན་དུག་འགོག་ལས་ལ་འབད”བརྗོད་དོན་གཙོ་བོར་བྱེད་པའི་དུག་འགོག་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། དུག་འགོག་མི་དམངས་ཉེན་རྟོག་པས་དགེ་སློབ་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་རྫོང་དུག་འགོག་སློབ་གསོ་དྲིལ་བསྒྲགས་རྟེན་གཞིར་བསྐྱོད་དེ་བསླུ་བྲིད་བྱེད་སླ་བའི“ཁུ་ནག”“ཐིའོ་ཐིའོ་བྱེ་རིལ”སོགས་ཕྱིའི་རྣམ་པ་མི་འདྲ་བ་བཟོས་པའི་དུག་རྫས་སྣ་ཚོགས་ཀྱི་སྐོར་གཙོ་གནད་ངོ་སྤྲོད་བྱས་ནས་ཚང་མར་དུག་རྫས་ཀྱི་བཟོ་ལྟ་འདྲ་མིན་སྣ་ཚོགས་རྟོགས་སུ་བཅུག་ཡོད། དེ་དང་ཆབས་ཅིག་དངོས་ཡོད་ཀྱི་གྱོད་གཞི་དཔེ་རུ་དྲངས་ནས་དགེ་སློབ་རྣམས་ལ་དུག་རྫས་ཀྱིས་མི་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་གནོད་འཚེ་བཟོས་པའི་གནས་ཚུལ་གསལ་པོར་ཤེས་སུ་བཅུག་པར་བརྟེན། ཚང་མའི་དུག་རྫས་ཀྱི་ངོས་འཛིན་དང་། དུག་རྫས་སྔོན་འགོག དུག་རྫས་སྤོང་བ་བཅས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་རེད། གོང་གི་པར་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།