མངའ་རིས་ཞིབ་དཔྱོད་ལས་ཁུངས་ཀྱིས།
ཉེ་བའི་ལོ་གཉིས་རིང་འབྲུ་རིགས་ཁྱབ་ཁོངས་ཀྱི་གོ་གནས་ཉེས་གསོག་གི་གྱོད་གཞི་2བསྒྲུབས་པ།
ཉིན་ཤས་གོང་། མངའ་རིས་ཞིབ་དཔྱོད་ཡན་ལག་ཁང་གིས་ཡོངས་བསྒྲགས་དཔང་ཉན་ཚོགས་འདུ་འཚོགས་ཏེ་འབྲུ་རིགས་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་རིགས་ཀྱི་ཞིབ་དཔྱོད་གྲོས་འགོ་ཡོངས་བསྒྲགས་ཞིབ་བཤེར་བྱས་པ་མ་ཟད། སྐྱེལ་སྤྲོད་ཁྱབ་བསྒྲགས་ཀྱང་བྱས་པ་རེད། མངའ་རིས་ཞིབ་དཔྱོད་ཡན་ལག་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཁྲེན་ཡུང་ཅུན་གྱིས་དཔང་ཉན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ས་ཁུལ་གྱི་གདན་ཞུས་མི་དམངས་འཐུས་ཚོཌ་ཀྱི་འཐུས་མི་དང་། དཔང་ཉན་པ། དེ་བཞིན་མངའ་རིས་ས་ཁུལ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མངའ་རིས་ས་ཁུལ་རྒྱལ་ཁབ་འབྲུ་རིགས་གྲབས་གསོག་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་བཅས་ཞུགས་པ་རེད།
ཁྲེན་ཡུང་ཅུན་གྱིས་ཉེ་བའི་ལོ་གཉིས་རིང་མངའ་རིས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྒྲུབ་གཉེར་བྱས་པའི་འབྲུ་རིགས་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་གོ་གནས་ཉེས་གསོག་གི་གྱོད་གཞི་2ཡོད་ཅིང་། གྱོད་འབྲེལ་དངུལ་གྲངས་སྒོར་ཁྲི་1603ལྷག་ཙམ་ཟིན་པ་ལས་རིག་ཆེ་གེ་མོ་དང་པ་ཆེ་གེ་མོ་འབྲུ་རིགས་ཀུང་སིའི་འགན་འཁུར་བ་དང་པོའི་ངོས་ནས་ཏང་ལུགས་རྒྱལ་ཁྲིམས་ལ་སྣང་མེད་དང་ཡ་མེད་སྒྲིག་འགལ་བྱས་པ་མཚོན་ཁར་ལས་འགན་འཁུར་རིང་ཀུང་སི་གཉེར་སྐྱོང་དང་དོ་དམ་སོགས་ཀྱི་ཐད་ཀྱི་མི་འདང་ས་དང་མངོན་མེད་རྐྱེན་ངན་དམར་རྗེན་དུ་མངོན་ཡོད་ཅིང་། མངའ་རིས་ས་ཁུལ་གྱི་འབྲུ་རིགས་ཁོངས་གཏོགས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྤྱོད་གཙང་སྲིད་སྐྱོང་དང་ཏང་ལུགས་རྒྱལ་ཁྲིམས་ནན་པོ་སྲུང་པ་དང་། དེ་བཞིན་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བར་སྐུལ་འདེད་བཅས་ལ་ཉེན་ཟོན་སློབ་གསོའི་དོན་སྙིང་གལ་ཆེན་ལྡན་ཡོད་ལུགས་བརྗོད་པ་རེད།