དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས།

    ཁ་བསླུས་རྒྱག་མཁན་ཞིག་བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    ཉེ་དུས་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་དེ་གོང་རྩད་ཆོད་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཞིག་ནས་སླར་ཡང་ཉེས་གསོག་དོགས་ཅན་1བཟུང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ཟླ་6པར་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་གྱོད་དོན་སྙན་སེང་འབྱོར་བ་སྟེ་ངའི་དངུལ་སྒོར་ཁྲི་30ཁ་བསླུས་ཐེབས་སོང་ཞེས་བརྗོད་པ་རེད།

    གནས་ཚུལ་དེ་ཤེས་རྟོགས་བྱུང་འཕྲལ་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་རྩིས་སྒྱུར་མཚམས་འཇོག་དང་རྩིས་ཐོ་བཀག་བཅད་ལས་དོན་སྤེལ་ནས་མ་དངུལ་སྒོར་ཁྲི་11ལྷག་ཙམ་བདེ་བླག་ངང་བཀག་བཅད་བྱས་པ་རྗེས་གྱོད་དོན་གསེད་བཀྲོལ་དང་དབྱེ་ཞིབ་བརྡར་གཅོད་སོགས་ལས་དོན་རབ་དང་རིམ་པ་སྤེལ་བ་བརྒྱུད་ལེའུ་ཆེ་གེ་མོ་གྱོད་འབྲེལ་ཉེས་གསོག་དོགས་ཅན་གྱི་གྲས་ཤིག་ཡིན་གཏན་འཁེལ་བྱས།

    གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད་2023ལོའི་ཟླ་10ཚེས་12ཉིན་ཀོང་ཤིས་ནན་ཉིང་ནས་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོ་བདེ་བླག་ངང་འཛིན་ཐུབ་པ་རེད། ལིའུ་ཆེ་གེ་མོ་བཟུང་རྗེས། ཁོས་རང་འགུལ་ངངཉེས་གསོག་དོན་དངོས་ངོས་ལེན་ཞུས་པ་དང་སྦྲགས་གནོད་འཚེ་ཕོག་མཁན་ལ་སྒོར་ཁྲི་1.1བསློགས་པ་རེད། མིག་སྔར་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོར་ཁག་ཁྱེར་འདྲི་སྒུག་བྱས་པ་དང་གྱོད་གཞིར་སྔར་བས་མྱུལ་ཞིབ་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།