དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྙེ་མོ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས།

    “ཉེ་འགྲམ་གྱི་དོན་དག་ལ་བརྟེན་ནས་ཉེ་འགྲམ་གྱི་མི་ལ་སློབ་གསོ་ གཏོང་བའི”ཉེན་བརྡའི་སློབ་གསོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    གྱོད་གཞིར་བརྟེན་ནས་སྒྲིག་ཁྲིམས་ཤོད་པ་དང་གྱོད་གཞིར་བརྟེན་ནས་ཉེན་བརྡ་གཏོང་བར་སྐུལ་འདེད་གཏིང་ཟབ་བཏང་ནས་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་ཟིལ་གནོན་ནུས་པ་གང་ལེགས་འདོན་ཆེད། ཉེ་དུས། སྙེ་མོ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“ཉེ་འགྲམ་གྱི་དོན་དག་ལ་བརྟེན་ནས་ཉེ་འགྲམ་གྱི་མི་ལ་སློབ་གསོ་གཏོང་བའི”ཉེན་བརྡའི་སློབ་གསོ་སྐོར་སྐྱོད་འགྲེམས་སྟོན་བྱས་པ་དང་། སྙེ་མོ་རྫོང་གི་ཚན་པ་56དང་། ཤང(གྲོང་རྡལ)8ཀྱི་ཁྱོན་མི་1606ལྟ་སྐོར་འགྲེམས་སྟོན་ལ་ཞུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་འགྲེམས་སྟོན་བྱེད་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྙེ་མོ་རྫོང་གིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཁྱབ་ཁོངས་ཁག་དང་ལས་རིགས་ཁག་གི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་དང་སྒྲིག་ཁྲིམས་ལས་འགལ་བ་དང་། རུལ་སུངས་ཀྱི་གནད་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ། དགོས་པའི་ལས་མི་བྱེད་པ་དང་མི་དགོས་པའི་ལས་རྙོག་བཟོ་བ། ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ཁྲིམས་ལས་འགལ་བ། ཆང་བཏུངས་འཁོར་གཏོང་བཅས་ཀྱི་དཔེ་མཚོན་གནད་དོན་དྲུག་དང་། ལྷག་དོན་དུ། རང་བརྟེན་ཞིབ་བཤེར་ཐག་གཅོད་བྱས་པའི“ཐབས་རྣམ་བཞིའི”གྱོད་གཞི་སོགས་དཔེ་མཚོན་གྱོད་གཞི་19བདམས་པ་རེད། སྐོར་སྐྱོད་འགྲེམས་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་ལ་ཁུངས་བཙན་པ་དང་གྱོད་དཔེ་གསོན་ཉམས་དོད་ལ་ཉེན་བརྡའི་དོན་སྙིང་ཟབ་མོ་ལྡན་ཡོད་པ་རེད།

    ཟིལ་གནོན་རང་བཞིན་གྱི་ཉེན་བརྡའི་སློབ་གསོ་སྤེལ་བ་བརྒྱུད། སྙེ་མོ་རྫོང་གི་ཏང་ཡོན་ལས་བྱེད་པར་རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་ཉེན་བརྡ་བཏང་ནས་ཏང་ཡོན་ལས་བྱེད་པར“ཉེ་འགྲམ་གྱི་དོན་དག”ནས་བསླབ་བྱ་བླངས་ཏེ་ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་རང་གཅུན་གྱི་ཐད་རིག་པ་ལྕགས་སྐུད་ལྟར་སྒྲིམ་པ་དང་། སྣེ་ཁྲིད་དེ་རང་ཉིད་དང་ཉེ་འགྲམ་གྱི་མི་ལ་དོ་དམ་ཡག་པོ་བྱས་ཏེ་སྒྲིག་བཀུར་ཁྲིམས་སྲུང་གི་དཔེ་བཟང་བ་ཞིག་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།