དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས།

    ལྗོངས(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་གྱི་སྲིད་འཛིན་ཁྲིམས་སྒྱུར་གྱི་ཁྲིམས་ཚད་གཅོད་དབང་གཞི་འཛིན་བཟོ་བའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    《སྲིད་འཛིན་ཁྲིམས་སྒྱུར་གྱི་ཁྲིམས་ཚད་གཅོད་དབང་གཞི་འཛིན་བཟོ་བ་དང་དོ་དམ་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་བརྡ་ཐོའི》དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། རང་ལྗོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་གྱི་ཁྲིམས་ཚད་གཅོད་དབང་གཞི་འཛིན་བཟོ་བའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ལྗོངས(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་གྱི་སྲིད་འཛིན་ཁྲིམས་སྒྱུར་གྱི་ཁྲིམས་ཚད་གཅོད་དབང་གཞི་འཛིན་བཟོ་བའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུར་སྲིད་འཛིན་ཁྲིམས་སྒྱུར་གྱི་ཁྲིམས་ཚད་གཅོད་དབང་གཞི་འཛིན་བཟོ་བའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ལས་འགན་གལ་ཆེན་ཞིག་ཡིན་ལ་སྲིད་འཛིན་ཁྲིམས་སྒྱུར་ལས་དོན་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་གལ་ཆེན་ཞིག་ཀྱང་ཡིན་པས་སྲིད་འཛིན་ཁྲིམས་སྒྱུར་གྱི་སྤུས་ཚད་དང་ལས་ཕྱོད་མཐོ་རུ་གཏོང་རྒྱུར་ནུས་པ་གལ་ཆེན་ལྡན་ཡོད། ལྗོངས(ཀྲུང་དབྱང)ཐད་གཏོགས་སྲིད་འཛིན་ཁྲིམས་སྒྱུར་སྡེ་ཚན་ཁག་གི་ངོས་འཛིན་སྔར་བས་མཐོ་རུ་བཏང་ནས་སྲིད་འཛིན་ཁྲིམས་སྒྱུར་གྱི་ཁྲིམས་ཚད་གཅོད་དབང་གཞི་འཛིན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ཏེ་རྒྱལ་ཁབ་དང་རང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ལས་ཀའི་མྱུར་ཚད་མགྱོགས་སུ་བཏང་སྟེ་2023ལོའི་ལོ་མཇུག་གོང་རང་ལྗོངས་སུ་ཁྲིམས་ཚད་གཅོད་དབང་གཞི་འཛིན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ལས་ཀའི་དམིགས་ཚད་ལེགས་སྒྲུབ་ཐུབ་པ་བྱེད་དགོས་པ་བསྟན་ཡོད།

    ཚོགས་འདུར་ལྗོངས(ཀྲུང་དབྱང)ཐད་གཏོགས་སྲིད་འཛིན་ཁྲིམས་སྒྱུར་སྡེ་ཚན་གྱིས་འགན་འཁྲིའི་དབང་ཚད་ཁ་གསལ་བཟོས་ནས་ལྗོངས་ཡོངས་ཀྱི་ཁོངས་གཏོགས་ཁག་གི་སྲིད་འཛིན་ཁྲིམས་སྒྱུར་གྱི་ཁྲིམས་ཚད་གཅོད་དབང་གཞི་འཛིན་བཟོ་བ་དང་བཀོལ་སྤྱོད་ལས་དོན་ལ་སྤྱི་འདོམས་མཛུབ་ཁྲིད་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཞིང་ལས་གྲོང་གསེབ་ཐིང་། ཁྲོམ་ར་ལྟ་འདོམས་ཅུས། སྨན་རྫས་དོ་དམ་ཅུས་བཅས་ཀྱིས་ཚོགས་འདུར་ཉམས་མྱོང་སྤེལ་རེས་ཀྱི་གཏམ་བཤད་བྱས་པ་རེད། ལྗོངས་ཁྲིམས་འཛིན་ཐིང་གིས་ལྗོངས(ཀྲུང་དབྱངས)ཐད་གཏོགས་སྡེ་ཚན་ཁག་གིས་སྲིད་འཛིན་ཁྲིམས་སྒྱུར་གྱི་ཁྲིམས་ཚད་གཅོད་དབང་གཞི་འཛིན་བཟོ་བའི་བརྒྱུད་རིམ་དུ་ཕྲད་པའི་དཀའ་ངལ་དང་གནད་དོན་ལ་ས་གནས་ས་ཐོག་ཏུ་ལན་བརྒྱབ་པ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་ཐད་བླང་བྱ་ཡང་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།