དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གྲ་ནང་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-08

    ཉེ་ཆར། གྲ་ནང་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“རྒྱལ་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་གྲ་ནང་རྫོང་སློབ་འབྲིང་དུ་བསྐྱོད་ནས“གྲོན་ཆུང་དར་སྤེལ་དང་འགན་འཁྲི་གཙང་སྒྲུབ་ཀྱིས། བཟའ་བཅའི་བདེ་འཇགས་མཉམ་དུ་སྲུང”ཞེས་པའི་བཟའ་བཅའི་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་རྒྱུན་མཐོང་གི་བཟའ་བཅའི་བདེ་འཇགས་ཀྱི་མིང་ཚིག་ལ་འགྲེལ་བཤད་རྒྱག་པ་ནས་འགོ་བཙུགས་ཏེ། སློབ་གྲྭ་དེའི་དགེ་སློབ་ཚོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའ་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་འགྲེལ་བཤད་གསལ་པོ་བརྒྱབ་པ་རེད།

    དེ་དང་ཆབས་ཅིག བཟའ་བཅའ་རྫུན་མ་དང་སྤུས་ཞན་དབྱེ་བ་ཇི་ལྟར་འབྱེད་དགོས་པ་དང་། ཟས་དུག་མ་ཕོག་སྔོན་འགོག་ཇི་ལྟར་བྱེད་དགོས་པ། བཟའ་བཅའི་རྟགས་བྱང་ལ་ལྟ་ཤེས་པ་ཇི་ལྟར་བྱེད་དགོས་པ། བདེ་ཐང་གི་བཟའ་བཏུང་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ཤེས་བྱ་ཆུང་ངུ་གཙོ་བོར་བཟུང་སྟེ་དགེ་སློབ་ཚོར་ཚད་ལྡན་བཟའ་བཅའ་ཇི་ལྟར་ཉོ་ལུགས་བསླབ་པ་མ་ཟད། བཟའ་བཅའི་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་བཏང་ནས། སློབ་མར་སྔོ་ཚལ་དང་ཤིང་ཏོག་སོགས་ཀྱི་བདེ་ཐང་བཟའ་བཅའ་མང་ཙམ་ཟ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    གྲ་ནང་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ལས་དགེ་སློབ་ཚོའི་བཟའ་བཅའི་དབྱེ་འབྱེད་ནུས་པ་ཆེ་རུ་ཕྱིན་པ་དང་། བཟའ་བཅའི་བདེ་འཇགས་མཉམ་སྐྱོང་མཉམ་སྤྱོད་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་ཅེས་བརྗོད་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་400ལྷག་ཙམ་དང་དྲིལ་བསྒྲགས་ལག་རྟགས་300ལྷག་ཙམ་སྤྲད་པ་དང་། འཕྲེད་འགེལ་སྦྱར་ཡིག་1བཟོས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།