དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་མཛོད་ཁང་གི་མེ་ཟོན་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-07

    ཉེ་ཆར། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་རྫོང་གྲོང་ཁུལ་དོ་དམ་ཅུས་དང་རྫོང་འཕྲལ་སྡོམ་དོ་དམ་ཅུས་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་མཛོད་ཁང་ལ་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱས་པ་རེད།

    ཞིབ་བཤེར་བྱེད་རིང་། ཞིབ་བཤེར་ཚོགས་ཆུང་གིས་སྒྲིག་འགལ་ངང་ལྕགས་ཤོག་སྤྱད་དེ་མཛོད་ཁང་བསྐྲུན་ཡོད་མེད་དང་། “མང་པོ་གཅིག་འདུས”ཀྱི་སྣང་ཚུལ་ཡོད་མེད། མེ་ཟོན་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་དོན་འཁྱོལ་བྱུང་ཡོད་མེད། འཕྲལ་སྡོམ་ཁ་འགྲེམས་དང་མེ་གསོད་སྔོན་ཇུས་འཐུས་སྒོ་ཚང་པོ་བཟོས་ཡོད་མེད། མེ་ཟོན་སྒྲིག་བཀོད་དང་ཡོ་ཆས་བླང་བྱ་ལྟར་བཀོད་སྒྲིག་དང་སྐྱོན་མེད་གོ་ཆོད་པ་རྒྱུན་འཁྱོངས་བྱས་ཡོད་མེད། ལས་དོན་པར་མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་བྱས་ཡོད་མེད་སོགས་ཀྱི་ཐད་ཞིབ་བཤེར་ཞིབ་ཕྲ་བྱས་པ་རེད།

    ཞིབ་བཤེར་བྱེད་རིང་། ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ་ཞིབ་བཤེར་ཚོགས་ཆུང་གིས་རང་སར་མངོན་མེད་རྐྱེན་ངན་གྱི་འབྱུང་རྐྱེན་བསྟན་པ་དང་། ཚན་པར་མངོན་མེད་རྐྱེན་ངན་གྱི་གནད་འགག་ལ་དབྱེ་ཞིབ་བྱེད་རོགས་བྱས་པ་མ་ཟད། དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། ཞིབ་བཤེར་བྱས་པའི་གནད་དོན་རེ་རེར་ཞིབ་ཕྲའི་བཅོས་སྒྲིག་བྱ་ཐབས་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།