དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཡུག་ཁུལ་གྱི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-07

    འདི་ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཤང(གྲོང་རྡལ)གི་སྒྲིག་བཤེར་ལྟ་ཞིབ་ཡུག་ཁུལ་གྱི་མཉམ་ལས་ལས་དོན་ལམ་སྲོལ་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་བ་དང་། ཆབ་མདོ་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས《ཤང(གྲོང་རྡལ)གི་སྒྲིག་བཤེར་ལྟ་ཞིབ་མཉམ་ལས་ཡུག་ཁུལ་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་ཁག་གི་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས“ས་ཁོངས་འབྲེལ་བ་དང་། གཞི་ཁྱོན་འཚམ་པོ། ལེགས་ཆ་གསབ་རེས། སྤེལ་སྣོལ་སྒྲིག་སྐྱོང་། མཉམ་འགུལ་མཉམ་ལས”བཅས་ཀྱི་རྩ་དོན་གཞིར་བཟུང་སྒྲིག་བཤེར་ལྟ་ཞིབ་མཉམ་ལས་ཡུག་ཁུལ་བཙུགས་ནས་རྫོང་དང་ཤང་མཉམ་འགུལ་དང་། ས་ཁོངས་མཉམ་ལས། སྤེལ་སྣོལ་གྱོད་སྒྲུབ་བཅས་བྱས་པ་བརྒྱུད་མི་སྣ་དཀོན་པ་དང་ངོ་ཤེས་དབར་ལྟ་སྐུལ་བྱེད་དཀའ་བ་སོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    “ཡུག་ཁུལ་གྱི་མཉམ་ལས་ལས་ལྟ་སྐུལ་གྱི་སྟོབས་ཤུགས་གཅིག་སྒྲིལ་ཐུབ་པ་མ་ཟད། ལེགས་ཆ་གསབ་རེས་ཀྱང་ཐུབ་ཡོད་པས་གཞི་རིམ་གྱི་ལྟ་སྐུལ་སྟོབས་ཤུགས་དང་ལྟ་སྐུལ་གྱི་སྣུར་སྲིང་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་ལ་ཕན་ཐོགས་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད། ཆབ་མདོ་གྲོང་ཁྱེར་གྱི་རྫོང(ཆུས)11གི་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་ཤང(གྲོང་རྡལ)ཡོངས་སུ་སྒྲིག་བཤེར་ལྟ་ཞིབ་མཉམ་ལས་ཡུག་ཁུལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་དམིགས་ཏེ། གྲོང་ཁྱེར་དེའི་ཤང(གྲོང་རྡལ)138ཡོངས་ལ་ཁྱབ་པའི་སྒྲིག་བཤེར་ལྟ་ཞིབ་མཉམ་ལས་ཡུག་ཁུལ་34བཙུགས་པ་དང་ལྟ་སྐུལ་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་བཏང་བས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི“མཐའ་མའི་འགག་གནད”ལས་བསྒྲལ་བ་རེད།

    “ཡུག་ཁུལ་མཉམ་ལས”ལམ་སྲོལ་གྱིས་རྒྱུན་གཏན་གྱི་ལྟ་སྐུལ་གཞི་གཅིག་མཉམ་འགུལ་དང་གནད་དོན་དང་ཁུངས་སྣེ་ཞིབ་གཅོད་ལ་མཉམ་དུ་སྐུལ་འདེད་བཏང་ཡོད། སྟེང་ཆེན་རྫོང་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས“ཚན་ཁག་གི་ཁོངས་མིས་སྤྱི་འདོམས་དོ་དམ་དང་། ལྟ་སྐུལ་ཞིབ་བཤེར་ཁང་གིས་ཁ་གཏད་འབྲེལ་གཏུག་དང་མཛུབ་ཁྲིད། མཉམ་ལས་ཡུག་ཁུལ་གྱི་ཤང་དང་གྲོང་རྡལ་གྱི་སྒྲིག་ཨུད་ཀྱིས་ལས་བགོས་མཉམ་ལས”བཅས་ཟུང་འབྲེལ་བྱེད་པའི“1+1+N”ཡི་ལས་ཀའི་རྣམ་པ་བཙུགས་ཏེ། སྒྲིག་བཤེར་ལྟ་ཞིབ་མཉམ་ལས་ཡུག་ཁུལ་དུ་ལྟ་སྐུལ་ཞིབ་བཤེར་ཐེངས་6བྱས་ནས་གནད་དོན་84ཤེས་རྟོགས་དང་དག་ཐེར་བྱེད་པར་སྐུལ་འདེད་བཏང་ཡོད། “ཡུག་ཁུལ་གྱི་རྙོག་འཛིང་ཆེ་བའི་གྱོད་གཞིར་དམིགས་ཏེ་ང་ཚོས་ཚོགས་ཆུང་ནང་ཁུལ་གྱི་ཤང(གྲོང་རྡལ)གཞན་གྱི་སྒྲིག་ཨུད་ཀྱི་མི་སྣ་འཇོན་ཐང་ཅན་བཀོད་སྒྲིག་བྱས་ནས་ཡུག་ཁུལ་གྱི་མཉམ་འགུལ་མི་སྣ་བསྐྱར་དུ་བཀོད་སྒྲིག་དང་ལས་འགན་བགོ་བཤའ་ལུགས་མཐུན་བརྒྱབ་ཡོད”ཅེས་ཡུག་ཁུལ་མཉམ་འགུལ་གྱི་རུ་སྣེ་ཐེངས་མང་ཁྲིད་པའི་ཁ་རུབ་ཆུས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བ་ཞིག་གིས་དེ་ལྟར་ངོ་སྤྲོད་བྱས། ཁ་རུབ་ཆུས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་སྔ་རྗེས་སུ་མཉམ་ལས་ཡུག་ཁུལ་ཁག་གི་གཞི་རིམ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་11སྒྲིག་འཛུགས་བྱས་ནས་སྤེལ་སྣོལ་གྱོད་སྒྲུབ་བྱས་པ་རེད། མིག་སྔའི་བར་མཉམ་ལས་ཡུག་ཁུལ་ཁག་གིས་གནད་དོན་གྱི་ཁུངས་སྣེ་བསྡོམས་18ཐག་གཅོད་བྱས་པ་ལས་གྱོད་གཞི་5ལ་ཐོག་མར་ཞིབ་དཔྱད་དང་། གྱོད་གཞི་10ཐོ་འགོད། གྱོད་གཞི་3མཇུག་སྒྲིལ་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།