དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོའི(ཤིན་ཅང)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་སྤྱིའི་ཇུས་གཞི》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོའི(ཤིན་ཅང)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་སྤྱིའི་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    《ཇུས་གཞིའི》ནང་། ཤིན་ཅང་གི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་དང་དུས་རབས་གསར་པར་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་འཐབ་ཇུས་བྱ་ཐབས་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱས་ཏེ། ཤིན་ཅང་གི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དེ་དབུས་ནུབ་རྒྱུད་ཀྱི་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་ཁུལ་ཞིག་ཏུ་ཧུར་ཐག་གཏོད་པ་དང་། ཤིན་ཅང་འདི་ཉིད་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ལ་ཁྱབ་པའི་ལྟེ་བའི་ཁུལ་གལ་ཆེན་དུ་འཛུགས་སྐྱོང་། “རྒྱུད་གཅིག་ལམ་གཅིག”གི་ལྟེ་བའི་ཁུལ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ། ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་བགྲོད་ལམ་ཡག་ཤོས་དང་རང་རྒྱལ་གྱི་ནུབ་ཕྱོགས་སུ་སྒོ་མོ་དབྱེ་བའི་བཙན་རྫོང་བསྐྲུན་རྒྱུར་གཞོགས་འདེགས་བཅས་བྱས་ནས། ཀྲུང་གོ—ཀྲུང་གོ་དང་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་གཏོད་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པ་བཏོན་པ་རེད།

    《ཇུས་གཞིའི》ནང་། ཤིན་ཅང་གི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་ལ་སྒྱུར་བཅོས་ཀྱི་རང་བདག་དབང་ཆ་སྔར་བས་ཆེན་པོ་སྤྲད་དེ། ཧེ་བག་ཅན་གྱི་འཚོལ་ཞིབ་གཏིང་ཟབ་བྱེད་པ་དང་ཤིན་ཅང་གི་ཁྱད་ལྡན་ལེགས་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པ་དང་། ཚོང་དོན་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྲོལ་རྒྱུན་གྱི་ལེགས་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ཉེ་འཁོར་རྒྱལ་ཁབ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཕྱོགས་25ཡི་ཞིབ་ཕྲའི་བྱེད་ཐབས་གསལ་པོ་བཟོས་ནས། ཤིན་ཅང་གི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དེ་ཚོང་གཉེར་ཁོར་ཡུག་ལེགས་པ་དང་། མ་འཇོག་ཚོང་དོན་སྟབས་བདེ་བ། ལེགས་ལྡན་ཐོན་ལས་གཅིག་སྡུད། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་མཉམ་སྤྱོད། དོ་དམ་མཐུན་སྦྱོར་དང་ནུས་ཆེ། ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པ་བཅས་ཀྱི་ཚད་གཞི་དང་སྤུས་ཚད་མཐོ་བའི་རང་མོས་ཚོང་དོན་གླིང་ཞིག་ཏུ་སྐྲུན་དགོས་ལུགས་བཏོན་པ་རེད།

    《ཇུས་གཞིའི》ནང་། ཤིན་ཅང་གི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་སྐྲུན་པའི་བརྒྱུད་རིམ་ནང་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། མཐའ་ཚད་ཀྱི་བསམ་བློ་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ། ཉེན་ཁ་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།