དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • འདི་ལོའི་དགུན་དུས་ཀྱི་གློག་མཁོ་འདོན་སྤྱིའི་ཆ་ནས་འགན་ལེན་ཐུབ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཀྲང་ཤིང་གིས་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག འདི་ལོའི་དགུན་དུས་སུ་རང་རྒྱལ་གྱི་གློག་མཁོ་འདོན་སྤྱིའི་ཆ་ནས་འགན་ལེན་ཐུབ་རྒྱུ་ཡིན་པ་དང་། ས་ཆ་ཁག་གཅིག་ཏུ་གནོན་ཤུགས་ངེས་ཅན་འཕྲད་རྒྱུ་རེད། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་སྔ་ཙམ་ནས་ཇུས་འགོད་དང་བཀོད་སྒྲིག་བྱས་ཏེ་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་གློག་ཤུགས་བདེ་འཇགས་དང་མཁོ་འདོན་བརྟན་པོ་ཡོང་བར་འགན་ལེན་བྱེད་བཞིན་ཡོད་ཅེས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ལོ་སྨད་ནས་བཟུང་གློག་ཤུགས་ཀྱི་དགོས་མཁོ་མགྱོགས་མྱུར་འཕར་ནས་སྔོན་དཔག་བྱས་ན་དགུན་དུས་སུ་རྒྱལ་ཡོངས་ཀྱི་ཐེག་ཚད་མཐོ་ཤོས་ན་ནིང་གི་དུས་མཚུངས་ལས་ཆན་ཝ་དུང་ཕྱུར་1.4འཕར་ནས་འཕར་ཚད་ཅུང་མཐོ་ཙམ་ཡོང་རྒྱུ་རེད། མིག་སྔའི་གནས་ཚུལ་ལ་བལྟས་ན། རྒྱལ་ཡོངས་ཀྱི་གློག་ཤུགས་མཁོ་འདོན་སྤྱིའི་ཆ་ནས་འགན་ལེན་ཐུབ་ནའང་ནུབ་བྱང་དང་། ཧྭ་ཤར། ལྷོ་ནུབ། ལྷོ་ཕྱོགས་བཅས་ས་ཁོངས་ཀྱི་ཞིང་ཆེན་ཁག་གཅིག་གི་གློག་ཤུགས་མཁོ་འདོན་འགན་ལེན་གྱི་གནོན་ཤུགས་ཅུང་ཆེ་བ་དང་དེའི་ནང་ཡུན་ནན་དུ་གློག་ཚད་མི་འདང་བ་དང་ནང་སོག་གི་ནུབ་རྒྱུད་དུ་གློག་ཤུགས་མི་འདང་བའི་རྣམ་པ་ཐོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།