དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་དཔལ་སྡེ་ཤང་མངགས་གཏོང་ཁང་གིས་ལས་འཛོལ་ཐོན་པའི་རླངས་འཁོར་ལ་ཛ་དྲག་ངང་རོགས་སྐྱོབ་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-07

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཁོངས་སུ་དྲོད་ཚད་ཆག་ནས་གངས་བབས་པའི་གནམ་གཤིས་བསྟན་པས། མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་ཤར་གཏོང་ཐུབ་ཆེད། སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་དཔལ་སྡེ་ཤང་མངགས་གཏོང་ཁང་གིས“བྱེད་ཐབས་ཇུས་འགོད་བྱེད་པ་དང་། མདུན་དུ་གོམ་པ་གང་སྤོ་བ། གྲ་སྒྲིག་ཨང་བསར་བྱེད་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་གནམ་གཤིས་ངན་པར་ཁ་གཏད་གཅོག་པའི་འཕྲལ་སྡོམ་ཇུས་གཞི་འཕྲལ་དུ་ལག་ལེན་བསྟར་ཏེ་མི་དམངས་ཉེན་རྟོག་པ(ལས་རོགས་ཉེན་རྟོག་པ)ཡོངས་ཞུགས་ནས་སྐོར་ཞིབ་ལས་དོན་སྤེལ་བ་རེད།

    ཟླ་10ཚེས་13ཉིན་གྱི་ཐོ་རེངས་མི་དམངས་ཉེན་རྟོག་པས་ལམ་ངོས་སུ་སྐོར་ཞིབ་བྱེད་སྐབས། “བློ་མཐུན་ཉེན་རྟོག་པ་ལགས། ང་ཚོའི་རླངས་འཁོར་སྐྱོར་ར་ནས་མཆོངས་ཏེ་ལས་འཛོལ་ཐོན་སོང་། ང་ཚོའི་རོགས་པར་རྨས་སྐྱོན་ཚབས་ཆེན་ཕོག་པས་གང་མགྱོགས་རོགས་སྐྱོབ་གནང་རོགས”ཞེས་པའི་རོགས་སྐྱོབ་རེ་ཞུ་འབྱོར། ཉིན་དེའི་མཚན་མོར་གངས་མ་ཆར་བབས་པའི་ཁར་མཚན་མོ་གསལ་པོ་མ་མཐོང་བའི་དབང་གིས་རླངས་འཁོར་རྒྱལ་ལམ་349ཤག་རི་བཀྲའི་གུག་ཆ་རྒྱུད་སྐབས་སྐྱོར་ར་ནས་མཆོངས་ཏེ་མཚེའུ་འགྲམ་དུ་ཟར་བས་ཁ་ལོ་བའི་གཟུགས་པོར་རྨས་སྐྱོན་ཤོར་ཡོད།

    གྱོད་དོན་སྙན་སེང་འབྱོར་མ་ཐག་མི་དམངས་ཉེན་རྟོག་པས་རླངས་འཁོར་བཏང་ནས་ལས་འཛོལ་ཐོན་ཡུལ་དུ་བསྐྱོད། ལམ་ངོས་བཞའ་ཚན་ཆེ་བ་དང་ལམ་ཐག་སྤྱི་ལེ་5ཡོད་ཀྱང་མི་དམངས་ཉེན་རྟོག་པ་སྐར་མ་བཅུའི་ནང་ཚུན་དུ་འབྱོར། ལས་འཛོལ་ཐོན་ཡུལ་དུ་འབྱོར་སྐབས་མི་དམངས་ཉེན་རྟོག་པས་འཕྲལ་དུ་རྨས་མར་ཛ་དྲག་གི་རོགས་སྐྱོབ་བྱས་པ་མ་ཟད། ད་དུང་མྱུར་སྐྱོབ་རླངས་འཁོར་དང་འདེགས་འཁོར་སྐད་བཏང་། མི་དམངས་ཉེན་རྟོག་པས་རྨས་མ་མྱུར་སྐྱོབ་རླངས་འཁོར་དུ་བླུགས་པ་མ་ཟད། ལས་འཛོལ་ཐོན་ཡུལ་དུ་མུ་མཐུད་རོགས་པ་བྱས་ནས་བསྡད། ཁ་ལོ་བའི་རྒྱུ་ནོར་གྱོང་གུན་ཕོག་ཚད་ཆུང་དུ་གཏོང་ཆེད། མི་དམངས་ཉེན་རྟོག་པས་ལམ་ངོས་སུ་ཐོར་བའི་དངོས་ཟོག་བསྒྲུགས་གང་ཐུབ་བྱས་པ་མ་ཟད། ཟོག་འདྲེན་རླངས་འཁོར་ལམ་ངོས་སུ་འཇོག་རོགས་བྱས་རྗེས་ཆུ་ཁ་གང་ཡང་འཐུང་ཁོམ་མ་བྱུང་བའི་མི་དམངས་ཉེན་རྟོག་པས་འཕྲལ་དུ་ལས་སྒྲུབ་ལས་གནས་ཐོག་ལོག

    གང་དུ་དགོས་མཁོ་ཡོད་ཚེ་སྣ་དཀར་རྩེའི་སྤྱི་བདེ་དེ་གར་ཡོད་ལ་ཁོང་ཚོའི་རོགས་སྐྱོབ་ཀྱི་བྱ་སྤྱོད་ནམ་ཡང་སྤེལ་མཚམས་འཇོག་མི་སྲིད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།