དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • འཕྱོངས་རྒྱས་རྫོང་སྤྱི་བདེ་ཅུས་འཆར་འགོད་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས(ལས་རོགས)ཉེན་རྟོག་པས་མི་ཧྲེང་རྒན་རྒོན་ལ་ལྟ་རྟོག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-07

    ཉེ་ཆར། འཕྱོངས་རྒྱས་རྫོང་སྤྱི་བདེ་ཅུས་འཆར་འགོད་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་མི་དམངས(ལས་རོགས)ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་མི་ཧྲེང་རྒན་རྒོན་ལ་ལྟ་བར་བསྐྱོད་པ་རེད།

    མི་དམངས(ལས་རོགས)ཉེན་རྟོག་པས་ལྟ་བར་སྐྱོད་སྐབས་རྒན་རྒོན་ལ་འཚོ་བའི་མཁོ་ཆས་སྤྲོད་པ་དང་། རྒན་རྒོན་གྱི་ཉེ་དུས་ཀྱི་གཟུགས་པོ་དང་འཚོ་བའི་གནས་ཚུལ། དེ་བཞིན་ལྷག་པའི་དཀའ་ངལ་བཅས་ཤེས་རྟོགས་བྱས་པ་དང་ཆབས་ཅིག་ཁེར་རྐྱང་དུ་འཚོ་བ་སྐྱེལ་མཁན་རྒན་རྒོན་ལ་ཐོལ་བྱུང་ཉེན་ཁའི་གནས་ཚུལ་མི་ཐོན་པ་བྱ་ཆེད། མི་དམངས(ལས་རོགས)ཉེན་རྟོག་པས་རྒན་རྒོན་ཁྱིམ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རེ་རེ་བཞིན་གྲལ་བཤེར་བྱས་པ་རེད། གྲལ་བཤེར་བྱེད་རིང་། ཁོངས་གཏོགས་ཁུལ་གྱི་བགྲེས་སོང་དབང་ཆེན་གྱི་གཟན་རྩྭ་སྤུངས་སར་གློག་སྐུད་ཕྱིར་འདོན་ནས་མེ་སྐྱོན་གྱི་ཉེན་ཁ་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་འཕྲལ་བགྲེས་སོང་དབང་ཆེན་ལ་གནས་ཚུལ་དེའི་སྐོར་སྐད་ཆ་འདྲི་སྐབས་ཁོང་གིས“ངས་སྔ་ས་ནས་གློག་སྐུད་ཉོས་ཡོད། ཡིན་ནའང་ང་རང་ལོ་ན་ཆེ་དྲགས་པས་འཁྲིད་ཤེས་མ་བྱུང་ལ། གློག་སྐུད་འཁྲིད་མཁན་ཡག་པོ་ཞིག་འཚོལ་ཐུབ་མ་བྱུང་། ཁྱེད་ཚོས་རོགས་པ་གནང་རོགས”ཞེས་བཤད།

    “སྤོ་ལགས། ཁྱེད་རང་ཐུགས་བློ་བདེ་པོ་གནང་། ང་ཚོས་བྱས་ཆོག”ཅེས་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་རྡོ་རྗེས་བཤད་རྗེས་ལས་རོགས་གཉིས་འཁྲིད་ནས་གློག་སྐུད་ཡག་པོ་འཁྲིད་པས་བགྲེས་སོང་དབང་ཆེན་གྱིས་ཐུགས་རྗེ་ཆེ་ཡང་ཡང་ཞུས།

    ད་ཐེངས་ཀྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་ལས་ཁེར་སྡོད་མི་ཧྲེང་རྒན་རྒོན་གྱིས་མི་དམངས(ལས་རོགས)ཉེན་རྟོག་པའི་སེམས་ཁུར་དང་གཅེས་སྐྱོང་ཚོར་ཡོད་ལ་ང་ཚོས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་རྨང་གཞི་བརྟན་པོ་བཏིང་ཐུབ་ཡོད། དེ་དང་ཆབས་ཅིག་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་རྡོ་རྗེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།