དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་མཚན་མོའི་ས་ཡོམ་ལ་གཡོལ་བའི་ཕྱིར་སྐྱོད་སྦྱོང་བརྡར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-07

    པར①ནི་བྲེལ་མྱུར་འདུ་འཛོམ་བྱེད་བཞིན་པ།

    པར②ནི་སྒྲིག་བཀོད་ལ་ཞིབ་བཤེར་བྱེད་བཞིན་པ།

    པར③ནི་མགྱོགས་མྱུར་རྡོག་ཐོན་བྱེད་བཞིན་པ།

    དཔུང་ཁག་གི་ས་ཡོམ་གནོད་འཚེའི་ལས་འཛོལ་ཐག་གཅོད་བྱེད་པའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་དཔུང་ཁག་གི་འཕྲལ་མྱུར་དང་ལེན་ནུས་པར་ཞིབ་བཤེར་བྱས་ནས་ས་ཡོམ་ཆེན་པོར་འགོག་རྒོལ་དང་གེགས་བར་ཆེན་པོ་སེལ་བའི་འཕྲལ་སྡོམ་གནོད་སྐྱོབ་ཀྱི་གྲ་སྒྲིག་གང་ལེགས་བྱ་ཆེད། ཉེ་ཆར་བོད་ལྗོངས་ནཌ་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་མཚན་མོའི་ས་ཡོམ་ལ་གཡོལ་བའི་ཕྱིར་སྐྱོད་སྦྱོང་བརྡར་བྱས་པ་རེད།

    ད་རེས་ཀྱི་ཕྱིར་སྐྱོད་སྦྱོང་བརྡར་རིང་། ས་ཆ་ཞིག་ཏུ་ས་ཡོམ་རིམ་པ་6.0ཐོན་པ་རྒྱབ་ལྗོངས་སུ་བྱས་ནས་སྔོན་བརྡ་མི་གཏོང་བ་དང་སྔོན་དུ་གྲ་སྒྲིག་མེད་པའི་བྱེད་ཐབས་བརྒྱུད་གེགས་བར“འདྲ་བ”དང་། ཁོར་ཡུག“ངོ་མ” གནས་ཚུལ“བབ་བསྟུན” ཚད་གཞི“ནན་པོ”བཅས་བཟོས་ཤིང་། རྩ་འཛུགས་ཀྱིས་བཀོད་འདོམས་བརྒྱུད་རིམ་དང་། དཔུང་ཁག་བྲེལ་མྱུར་འདུ་འཛོམ། སྒྲིག་བཀོད་དངོས་ཟོག་འཁྱེར་བ། སྒྲིག་བཀོད་ཀྱི་ནུས་པར་ཞིབ་བཤེར་སོགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཡོད། ནང་སྦྱོང་ཁྲོད་མེ་ཟོན་བཀོད་འཐབ་པ་ཡོངས་ཀྱིས་གང་གསུང་དེ་སྒྲུབ་དང་། བློ་སྟོབས་ཆེན་པོ། དཀའ་ངལ་ལ་མི་སྐྲག་པ། ཉེན་ཁར་འཕྲད་ཀྱང་འཚབ་འཚུབ་མེད་པ་བཅས་ཀྱི་འཐབ་འཛིང་གི་བྱང་ཚད་དང་འཐབ་འཛིང་གི་སྤྱོད་ཚུལ་ཁྱད་འཕགས་མངོན་ནས་སྔོན་དཔག་གི་དམིགས་ཚད་དུ་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།