ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས་ཉེན་དོན་དངོས་འཐབ་ཀྱི་སློབ་ཁྲིད་བྱེད་སྒོ་སྤེལ་བ།
ཉེ་ཆར། སྤྱི་བདེ་ཅུས་ཏང་ཨུད་ཀྱི་སྤྱི་འདོམས་བཀོད་སྒྲིག་གཞིར་བཟུང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་འཕྲལ་སྡོམ་ཁྲུའི་འཕྲལ་སྒྲུབ་རུ་ཁག་གི་ཉེན་དོན་དངོས་འཐབ་ཀྱི་སློབ་ཁྲིད་དམག་དཔོན་ཐོན་ཤོག་སྡེ་ཁུལ་གྱི་ཉེན་དོན་ཁང་11ཏུ་བསྐྱོད་དེ་ཉེན་དོན་དངོས་འཐབ་ཀྱི་སློབ་ཁྲིད་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སློབ་ཁྲིད་བྱེད་སྒོས“དངོས་འཐབ་ལ་གཞི་ཚུགས་པ་དང་དངོས་འཐབ་ལ་ཞབས་འདེགས་ཞུ་བ”སྦྱོང་བརྡར་གྱི་དམིགས་ཚད་དུ་བྱས་ནས་མིག་སྔའི་ཉེན་རྟོག་དངོས་འཐབ་ཀྱི་དགོས་མཁོར་དམ་པོར་དམིགས་པ་དང་། སློབ་ཁྲིད་དམག་དཔོན་ཐོན་ཤོག་གིས་འགྲེལ་བཤད་དཔེ་སྟོན་དང་། ལད་ཟློས་འགྲན་རྒོལ། ས་གནས་ས་ཐོག་གི་དཔྱད་བརྗོད། སྤེལ་རེས་གྲོས་བསྡུར་སོགས་ཕྱོགས་མང་མཉམ་འགུལ་གྱི་སློབ་ཁྲིད་རྣམ་པ་བརྒྱུད། ཁྲིམས་འཛིན་བདེ་འཇཌ་ཀྱི་འདུ་ཤེས་དང་། ཉེན་རྟོག་མཚོན་ཆ་སྤྱོད་སྟངས། “གཏུབ་གསོད་དང་། རྡུང་ཐུག འབར་གས་བཅས་འགོག་པའི”དམག་འཐབ་ཆུང་གྲས་ས་གནས་ས་ཐོག་ཏུ་ཐག་གཅོད་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་ཞིབ་ཕྲ་དང་དཔེ་སྟོན་ཞིབ་ཚགས་བྱས་པ་རེད།
གོམ་སྟབས་རྗེས་མར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས་ཉེན་དོན་དངོས་འཐབ་ཀྱི་སློབ་ཁྲིད་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་ཅུས་ཡོངས་ཀྱི་མི་དམངས(ལས་རོགས)ཉེན་རྟོག་པའི་ཁྲིམས་འཛིན་བདེ་འཇགས་ཀྱི་འདུ་ཤེས་དང་གཞོགས་འདེགས་དམག་འཐབ་ནུས་པ་མུ་མཐུད་ཆེ་རུ་བཏང་ནས་ཁྲིམས་འཛིན་ལས་སྒྲུབ་ཀྱི་བྱང་ཚད་དང་ཉེན་རྟོག་ལས་དོན་གྱི་དངོས་འཐབ་རྩལ་ནུས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཁོངས་གཏོཌ་ཁུལ་གྱི་སྤྱི་ཚོགས་བདེ་འཇཌ་ཀྱི་སྒྲིག་ལམ་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།