དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • གཞིས་རྩེའི་ཁྲུན་གཅོད་ཨུ་ཡོན་ལྷན་ཁང་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-07

    གསར་འགོད་པར་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་གཞིས་རྩེའི་ཁྲུན་གཅོད་ཨུ་ཡོན་ལྷན་ཁང་གསར་དུ་བཙུགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་བརྒྱུད་ནས་ཐོ་བཀོད་པའི་དམངས་དོན་ཚོང་དོན་གྱི་ཁྲུན་གཅོད་སྒྲིག་གཞི་ཞིག་ཡིན་ལ། 1999ལོར་ལྷ་ས་ཁྲུན་གཅོད་ཨུ་ཡོན་ལྷན་ཁང་བཙུགས་ཚུན་ལྗོངས་ཡོངས་ཀྱི་ཁྲུན་གཅོད་ཨུ་ཡོན་ལྷན་ཁང་གཉིས་པ་དེ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེའི་ཁྲུན་གཅོད་ཨུ་ཡོན་ལྷན་ཁང་བཙུགས་རྗེས་ཁྲུན་གཅོད་ཀྱི་དྲང་གཞག་དང་། དུས་ཐོག འདྲིས་མཐུན། གསང་སྲུང་། སྟབས་བདེ། གཅིག་གཅོད་མཇུག་བསྒྲིལ་བཅས་ཀྱི་དམིགས་བསལ་ལེགས་ཆ་གང་ལེགས་བཏོན་ཏེ། སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་བྱེད་པོ་འདྲ་མཉམ་དབར་ཐོན་པའི་གན་རྒྱའི་རྩོད་གཞི་དང་རྒྱུ་ནོར་ཁེ་དབང་གི་རྩོད་གཞི་གཞན་དག་ཁྲིམས་ལྟར་ཐག་གཅོད་རན་པོ་བྱས་ནས། ཁྲོམ་རའི་བྱེད་པོ་ཁག་ལ་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་སྒྲིག་ལམ་ཡག་པོ་གཏོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རེད། ཁྲུན་གཅོད་ལམ་ལུགས་ནི་རང་རྒྱལ་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། སྤྱི་ཚོགས་ཀྱི་དམངས་དོན་ཚོང་དོན་དཔལ་འབྱོར་གྱི་གན་རྒྱའི་རྩོད་གཞི་ཁྲིམས་ལྟར་ཐག་གཅོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་པས། ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་དང་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་དང་ཐད་ཀར་འབྲེལ་བ་ཡོད།

    རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། གཞིས་རྩེའི་ཁྲུན་གཅོད་ཨུ་ཡོན་ལྷན་ཁང་འཛུགས་པར་སྐུལ་འདེད་གཏོང་བ་ནི་གཞིས་རྩེ་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་བཅས་ཀྱིས་ཁྲིམས་སྐྱོང་ཞབས་ཞུར་དམིགས་ནས“ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྤེལ་ཁུལ་འཛུགས་གཏོད”ཀྱི་རང་འགུལ་བྱ་སྤྱོད་ལ་འགན་ལེན་བྱེད་པའི་བྱ་ཐབས་གལ་ཆེན་གྱི་གྲས་ཤིག་ཡིན་པས། རང་ལྗོངས་ཀྱི་དམངས་དོན་ཚོང་དོན་གྱི་ཁྲུན་གཅོད་ལ་སྟོབས་དང་ལྡན་པའི་སྟེགས་བུ་ཞིག་གསར་དུ་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།