དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་མེ་ཟོན་ལས་དོན་གྱི་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-07

    འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཚོགས་ཡུལ་ཡིན་པ།

    ཉེ་ཆར་ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་མེ་ཟོན་ལས་དོན་གྱི་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲཌ་ཚོགས་འདུ་འཚོགས་ཤིང་། ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཏང་ཨུད་ཀྱི་ཧྲུའུ་ཅི་ཆབ་སྲིད་ཨུ་ཡོན་ཟླ་བ་ཕུན་ཚོགས་དང་། ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་གཞོན་པ་བློ་བཟང་བཀྲ་ཤིས་དང་ཞུའེ་ཞའོ་ཅུན་བཅས་གསུམ་གྱིས་ཆབ་མདོ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་མེ་ཟོན་ལས་དོན་གྱི་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་ཚུལ་ངོ་སྤྲོད་བྱས་པ་དང་སྦྲགས། འབྲེལ་ཡོད་དྲི་བར་ལན་བརྒྱབ་པ་རེད།

    ཡོངས་བསྒྲགས་ཚོགས་འདུའི་ཐོག་ཟླ་བ་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པར། མིག་སྔར་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་། རྫོང་ཆུས་རིམ་པ་གཉིས་ཀྱི་མེ་ཟོན་བདེ་འཇགས་ཨུ་ལྷན་ཕྱོགས་ཡོངས་ནས་བཙུཌ་ཟིན་པ་དང་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་མེ་ཟོན་སྟོབས་ཤུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། འབྲེལ་ཡོད་སྲིད་ཇུས་བཏོན་པ། འབྲེལ་ཡོད་བྱེད་སྒོ་སྤེལ་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སེལ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་སྤྱི་ཚོགས་ཚན་པ་9061ལ་ཞིབ་བཤེར་བྱས་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཁག་13343ཤེས་རྟོཌ་བྱུང་བ་དང་། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཁག་13286ལ་བཅོས་སྒྲིག་བྱས་པ། བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ་7666བཏང་བ། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ཡོད་པའི་ཚན་པ་19ལ་མིང་སྦྱར་ལྟ་སྐུལ་བྱས་པའི་ནང་ཚན་པ་12ཀྱིས་དག་ཐེར་ཟིན་ཞིང་། དག་ཐེར་བྱེད་ཚད་63%ཟིན་པ། ལྷག་པར་དུ“ཏང་གི་ཚོགས་ཆེན་ཉི་ཤུ་པ”དང“གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན”སོཌ་གལ་ཆེའི་ལས་སྒྲུབ་བདེ་སྲུང་སོགས་འཕྲལ་མཁོ་དང་། དཀའ་ངལ། ཉེན་ཁ་བཅས་ཆེ་བའི་ལས་འགན་གལ་ཆེན་གྱི་དམག་འཐབ་ལ་ཞུགས་མཁན་བཀོད་འཐབ་པ་ཚོས་འགལ་རྐྱེན་སྣ་ཚོཌ་ཁྱད་དུ་བསད་ནས། རྒྱུན་མཐུད་འབད་འཐབ་དང་དཔའ་ངར་ཞུམ་མེད་ཀྱི་དམག་འཐབ་སྤྱོད་ཚུལ་དར་སྤེལ་བཏང་སྟེ། གཏན་འཁེལ་བྱས་པའི་ལས་འགན་ལེགས་སྒྲུབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།