དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྗོངས་ཡོངས་ཀྱི་དུག་འགོག་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

    ཉེ་ཆར། ལྗོངས་ཡོངས་ཀྱི་དུག་འགོག་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་དུག་འགོག་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཧུང་པོ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུར་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རང་ལྗོངས་ཀྱི་དུག་འགོག་ལས་དོན་ལ་བཀོད་སྒྲིག་བྱས་པ་དང་། ཚོགས་འདུར་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུག་འགོག་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། རྒྱལ་ཁབ་དུག་འགོག་ཨུ་ལྷན་དང་། སྤྱི་བདེ་པུའི་ཏང་ཨུད། དེ་བཞིན་ལྗོངས་ཏང་ཨུད། སྲིད་གཞུང་བཅས་ཀྱི་དུག་འགོག་ལས་དོན་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ་དང་། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ལས་བྱུང་བའི་འགན་འཁུར་བྱས་རྗེས་དང་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་དུག་འགོག་ལས་དོན་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་སྒྱུར་དགོས། འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་དུག་རྫས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་སྟེ། ལྗོངས་ཡོངས་ཀྱི་དུག་འགོག་འཐབ་རྩོད་ཀྱི་དུས་བབ་ཁྱོན་ཡོངས་ནས་ལེགས་སུ་འགྲོ་བའི་རྣམ་པ་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། དུག་འགོག་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དུག་འགོག་གི་དམག་ཧྲག་ཅིག་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།