དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ནག་ཆུ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས།

    དབྱར་དུས་ཀྱི་བདེ་འཇགས་འགན་སྲུང་ལས་དོན་ཡག་པོ་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

     རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དབྱར་དུས་ཀྱི་བདེ་འཇགས་བཅོས་སྒྲིག་བྱ་སྤྱོད་སྤེལ་འགོ་ཚུགས་ཚུན། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་བཀའ་འབྱོར་འཕྲལ་སྒྲུབ་བྱེད་པ་དང་ཉེན་རྟོག་པ་ཡོངས་ཧུར་ཐག་ཞུགས་ནས། མངོན་གསལ་དོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་ནན་པོ་བྱེད་པ། ནུས་པ་ལྡན་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་ཀྱི་སེམས་ལ་བདེ་འཇགས་དང་། བརྟན་ལྷིང་། བློ་བདེ་ཚོར་བ་བཅས་བྱས་ཏེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་སྲུང་སྐྱོང་བྱེད་པའི་ལས་དོན་ཧུར་ཐག་བསྒྲུབས་ཡོད།

    མི་དམངས་ཀྱི“སྲུང་སྐྱོབ་པ”ཡག་པོ་ཞིག་བྱས་ཤིང་། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་བདེ་འཇགས་གནད་དོན་ལ་དམ་པོར་དམིགས་ནས། ཆེད་དོན་རྡུང་རྡེག་བཅོས་སྒྲིག་གི་བྱ་སྤྱོད་ཁག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ནག་གཤེད་ཕྱོགས་གཏོགས་དང་། མེ་མདའ་དང་འབར་གས་དང་འབྲེལ་བ་ཡོད་པ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། “རྒྱན་དུག་འཆལ”གསུམ་དང“བཟའ་བཅའ་དང་སྨན་རྫས་ཀྱི་ལྷུ་ཚིཌ”དང“རྐུ་འཕྲོག་དང་ཁ་བསླུས”སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ཏེ། ཉེས་དོན་གྱོད་གཞི་ཁྱོན་117ཐོ་འགོད་བྱས་པ་དང་། གྱོད་གཞི(ནར་ལུས་གྱོད་གཞི་ཚུད་པ)76རྩད་ཆོད་པ། ཉེས་གསོག་དོགས་ཅན་119བཟུང་བ། མང་ཚོགས་ཀྱི་གྱོང་གུན་སྒོར་ཁྲི་34.66ཚུར་བླངས་པ། དུག་རྫས་ཉོ་ཚོང་གྱོད་གཞི་2དང་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་གྱོད་གཞི་2རྩད་ཆོད་པ། རྒྱན་འགྱེད་གྱོད་གཞི་9དང་མི་44ལ་ཞིབ་བཤེར་ཐག་གཅོད་བྱས་པ། རྒྱན་དངུལ་སྒོར་102430གཞུང་བཞེས་བཏང་བ་རེད།

    ལྟ་འདོམས་ཀྱི་བདེ་འཇགས་ལས་དོན་ལ་དམ་པོར་དམིགས་ཤིང་། “རྒྱན་དུག་འཆལ”གསུམ་དང་། རྒྱག་རེས་རྒྱག་པ། བསྙད་རྐོ་ཟིང་སློང་སོགས་ཚུལ་མིན་བྱེད་སྤྱོད་སྤེལ་ཡུལ་གཙང་བཤེར་བཅོས་སྒྲིག་བྱ་རྒྱུ་རྩ་བར་བཟུང་སྟེ་གཙོ་གནད་ཁུལ་དང་གཙོ་གནད་ས་ཁོངས་ལ་དམ་པོར་དམིགས་ནས། དུས་ངེས་མེད་ངང“མཚན་མོའི་ཆུ་ཚོད་བཅུ་གཉིས་ཀྱི་སྐོར་ཞིབ”དང་མཚན་མོའི་ཞིབ་བཤེར་བྱས་པ་དང་འབྲེལ། སྔ་རྗེས་སུ་གཅིག་གྱུར་གཙང་བཤེར་བྱ་སྤྱོད་ཐེངས་4སྤེལ་བ་དང་། ལས་རིགས་བྱེད་སྒོ་སྤེལ་ཡུལ་ཁག་7534ལ་གྲལ་བཤེར་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་1050དག་ཐེར་བྱས་ཡོད། “མི་དང་། རླངས་འཁོར། ལམ། ཁེ་ལས”བཅས་ལྷུ་ཚིགས་ཁག་གི་འབྱུང་རྩའི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་དམ་པོར་དམིགས་ཏེ། ནག་ཆུ་གྲོང་ཁྱེར་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་། གྲོང་གསེབ་ཀྱི“ས་ཚིགས་གཉིས་དང་ལས་མི་གཉིས”འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། གྲོང་ཁྱེར་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ཏན་ཏིག་བྱེད་པ་བཅས་ཀྱི་ཐོག་ནས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་1527ཞིབ་བཤེར་ཐག་གཅོད་བྱས་པ་རེད།

    རྩོད་གཞི“འདུམ་འགྲིག་པ”བྱེད་མཁས་པོ་བྱས་ཤིང་། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་རང་འགུལ་ངང་ཞུགས་པ་དང་། ཁྱིམ་ཚང་དང་། བརྩེ་དུང་། ཁྱིམ་མཚེས་སོགས་ཀྱི་མངོན་གསལ་དོད་པའི་འགལ་ཟླ་དང་རྩོད་གཞིར་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འདུམ་འགྲིག་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱེད་རོགས་བྱེད་པ། འགལ་ཟླ་དང་ཉེན་ཁ་ཆེ་རིགས་ལ་དུས་ཐོག་ཏུ“སྤྱི་བདེའི་དྲན་སྐུལ”གཏོང་བ་བཅས་བྱས་ཏེ་ཐབས་མང་མཉམ་སྤྱོད་ཀྱིས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གཞི་རིམ་དུ་སེལ་ཐབས་བྱས་ཡོད། བྱ་སྤྱོད་སྤེལ་རིང་། ཁྱོན་འགལ་ཟླ་དང་རྩོད་གཞི་396གྲལ་བཤེར་དང་། 334སེལ་ཐབས། འབྲེལ་ཡོད་ཚོད་འཛིན་བྱ་ཐབས་62དོན་འཁྱོལ་བཅས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།