དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་སྦྲ་ཆེན་རྫོང་སྤྱི་བདེ་ཅུས་ཀྱིས།

    བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

     ཆབ་མདོ་གྲོང་ཁྱེར་སྦྲ་ཆེན་རྫོང་སྤྱི་བདེ་ཅུས་ཀྱིས་དོན་དག་ཆུང་ཙག་རེ་རེ་ནས་འགོ་བཙུགས་ཏེ་དམངས་ཀྱི་འདོད་བློར་རྟོག་ཞིབ་དང་། དམངས་ཀྱི་སེམས་པ་དྲོད་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

    ཉེ་ཆར། སྦྲ་ཆེན་རྫོང་མི་དམངས་ལམ་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་ཁོངས་གཏོགས་མང་ཚོགས་ཀྱི་རོཌ་སྐྱོར་རེ་ཞུ་འབྱོར་ཞིང་། “རླངས་འཁོར་བསྡད་ནས་དམིགས་སར་འབྱོར་རྗེས། ལག་ཐོགས་ཁ་པར་དང་ལག་ཁྱེར་སྣ་ཚོཌ་བླུགས་པའི་ལྟོ་ཕད་རླངས་འཁོར་ནང་ལུས་འདུག་པས་རོགས་རམ་གནང་རོགས”ཞེས་བཤད། ཉེན་དོན་ས་ཚིགས་ཀྱི་ལས་རོགས་ཉེན་རྟོག་པས་མང་ཚོགས་ཀྱིས་བཏོན་པའི་ཁུངས་སྣེར་གཞིགས་ནས་མགྱོགས་མྱུར་བཙལ་འཚོལ་ལས་དོན་སྤེལ། ཆུ་ཚོད་1ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། རླངས་འཁོར་ལ་ལུས་པའི་ལྟོ་ཕད་བདེ་བླག་ངང་རྙེད་པ་དང་འབྲེལ་མང་ཚོགས་ལ་སྤྲད་པ་རེད།

    ཉེ་ཆར། སྦྲ་ཆེན་རྫོང་བདེ་སྐྱིད་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ་སྐོར་གཡེང་བྱེད་སྐབས། ཟོག་འདྲེན་རླངས་འཁོར་ཞིག་གློག་སྤར་ཏེ་ལམ་འགྲམ་དུ་ཁ་བཀག་ནས་བསྡད་ཡོད་པ་མཐོང་བས་ཁ་ལོ་བར་སྐད་ཆ་དྲིས་པ་བརྒྱུད། རླངས་འཁོར་ལ་སྐྱོན་ཤོར་ནས་བྱ་ཐབས་མེད་པར་བསྡད་ཡོད་པ་ཤེས། གནས་ཚུལ་ཤེས་རྟོགས་བྱུང་རྗེས་སྐོར་གཡེང་མི་དམངས་ཉེན་རྟོག་པས་ཁ་ལོ་བར་འདྲུད་འཁོར་འབྲེལ་གཏུག་བྱེད་རོགས་བྱས་པ་མ་ཟད། ཁོ་ཚོར་སྟབས་བདེའི་ཐུག་པ་དང་གཏེར་ཆུ་བསྐྱལ་ནས་ལྟོགས་སྐོམ་སེལ་རོགས་ཀྱང་བྱས་པ་རེད།

    སྔར་ནས་བཟུང་། སྦྲ་ཆེན་སྤྱི་བདེས་བྱ་སྤྱོད་དངོས་ཀྱི་ཐོག་ནས“མི་དམངས་སྤྱི་བདེས་མི་དམངས་ལ་ཞབས་འདེགས་ཞུ་བའི”ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་ཏན་ཏིག་གཏོང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།