ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཅའི་བདེ་འཇགས་དང་བཟའ་བཅའ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས། ཨར་ཁང་དང་སློབ་གྲྭ་ཁག་ཏུ་བཟའ་བཅའི་བདེ་འཇགས་དང་བཟའ་བཅའ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དུས་འགོའི་བརྟག་ཞིབ་བྱས་པའི་རྨང་གཞིའི་ཐོག་བརྟག་དཔྱད་ཞིབ་འཇུག་གི་རྗེས་མཐུད་ལས་དོན་ཏན་ཏིག་བསྒྲུབས་པ་གང་ཞིག བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་དང་ཤེས་རྟོགས་བྱུང་བའི་གནད་དོན་ཟུང་འབྲེལ་བྱས་ནས་དུས་ཡུན་ཉིན་གསུམ་སྤྱད་དེ། སློབ་གྲྭ་དང་ཨར་ཁང་ཁག་ཏུ་བཟའ་བཅའི་བདེ་འཇགས་དང་བཟའ་བཅའ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་སྒྲོག་འགྲེལ་བྱས་པ་རེད། ཟ་མ་གཅིག་སྡུད་མཁོ་འདོན་བྱེད་མཁན་ཚན་པ་ཁག་གི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཁྲིམས་སྒྱུར་པས་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དང་། རྩེད་ཐང་གསོལ་མགྲོན་ཁང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་བཅས་སུ་བསྐྱོད་དེ་ཟ་ཁང་དང་། རྒྱབ་ཕྱོགས་མཁོ་སྒྲུབ། སྒོ་རྩིས་ཚོང་ཁང་སོགས་ཀྱི་ལས་དོན་པ་179ལ་བཟའ་བཅའི་བདེ་འཇགས་དང་བཟའ་བཅའ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་སྒྲོག་འགྲེལ་བྱས་པ་རེད། དུས་འགོར་འབྲེལ་ཡོད་མི་སྣ་དང་བཞུགས་མོལ་བྱས་ནས་གསོ་སྦྱོང་གི་དགོས་མཁོ་མཐིལ་རྟོགས་བྱས་ཏེ། བཟའ་བཅའི་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། རྒྱུན་གཏན་གྱི་བཟའ་བཅའི་རྒྱུ་ཆ་དོ་དམ། བཟའ་བཏུང་སྒྲིག་ཆས་ཀྱི་གཙང་སྦྲ་སོགས་ཀྱི་གནད་དོན་ལ་དམིགས་ནས་འགྲེལ་བཤད་བརྒྱབ་པ་དང་། ལྷག་པར་དུ་མ་བྱན་ལ་ཆེད་མངགས་འགྲེལ་བཤད་བརྒྱབ་སྟེ་ཁོང་ཚོས་བཟའ་བཅའི་བདེ་འཇགས་སྐོར་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་པ་རེད།
ཁྲིམས་སྒྱུར་པས་ད་དུང“སྡེར་གཙང་བྱ་སྤྱོད”ཀྱི་སྤྱི་ཚོགས་ཀྱི་དོན་སྙིང་དང་གལ་ཆེའི་རང་བཞིན་ངོ་སྤྲོད་བྱས་ནས། ཚང་མས་བཟའ་བཅའ་འཕྲོ་བརླག་གཏོང་བའི་ཚབས་ཆེའི་རང་བཞིན་ཤེས་རྟོགས་ཐུབ་པར་བྱས་ཡོད། དེ་དང་ཆབས་ཅིག་མི་ཚང་མར་རྒྱུན་གཏན་གྱི་འཚོ་བའི་ཁྲོད་གྲོན་ཆུང་གི་འདུ་ཤེས་འཛིན་ཏེ། རང་ཉིད་ནས་འགོ་བཙུགས་པ་དང་དོན་ཆུང་ནས་འགོ་བཙུགས་ཏེ་བཟའ་བཅའ་གྲོན་ཆུང་བྱེད་དགོས་པ་སྐུལ་སློང་བྱས་པ་རེད།