དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • འདམ་གཞུང་རྫོང་གིས་སྟོན་དགུན་གཉིས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

    ཉེ་ཆར། འདམ་གཞུང་རྫོང་གིས་2023ལོའི་སྟོན་དགུན་གཉིས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཚོགས་འདུ་འཚོགས་ཏེ། 《2023ལོའི་དགུན་ཁ་ནས་2024ལོའི་དཔྱིད་ཀ་བར་གྱི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་རྒྱ》ཡིག་ཐོག་ནས་བརྒྱུད་བསྒྲགས་བྱས་པ་རེད།

    ཚོགས་འདུར་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་ཛ་དྲག་དུས་བབ་ལ་ངོས་འཛིན་གང་ལེགས་བྱས་ཏེ། རང་འགུལ་ངང་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ལས་དོན་གྱི་ཆབ་སྲིད་འགན་འཁྲི་འཁུར་བ་དང་། “ཉེན་བརྡ”ཨང་དང་པོར་འཇོག་པ་དང་། “སྔོན་འགོག”ལ་ཤུགས་སྣོན་རྒྱག་པ། “ནན་པོ”སྔོན་ལ་འཇོག་པ་བཅས་བྱེད་པ། དྲིལ་བསྒྲགས་སློབ་གསོ་དང་། དུས་བབ་ལ་ཞིབ་གཅོད། མངོན་མེད་རྐྱེན་ངན་གྲལ་བཤེར་དང་མཉམ་འགོག་མཉམ་སྡོམ་བཅས་གཙོ་གནད་དུ་བཞག་པ། “དོགས་ཟོན་ནན་པོ་བྱེད་པ་ལས་སྣང་ཆུང་ཕྲན་ཙམ་ཡང་བྱེད་མི་རུང་བ”བཅས་བྱས་ནས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། ལྷ་ས་གྲོང་ཁྱེར་གྱི་བཀོད་འདོམས་སྒྲིག་གཞི་འཛུགས་སྟངས་ལ་དཔེ་བལྟས་ནས་འདམ་གཞུང་རྫོང་གི་རིམ་ཁག་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བཀོད་འདོམས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་གོང་འོག་འབྲེལ་མཐུད་ཡོང་བ་བྱེད་དགོས། རྫོང་འཕྲལ་སྡོམ་དང་། ནགས་རྩྭ། སྤྱི་བདེ། མེ་ཟོན། གནམ་གཤིས་སོགས་སྡེ་ཚན་གྱིས་འཁྲི་འགན་རང་འཁུར་དང་མཉམ་ལས་དམ་ཟབ་བྱས་ཏེ། མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆ་འཕྲིན་སྤེལ་རེས་དང་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་འབྲེལ་མཐུད་དང་གཞོགས་འདེགས་དམ་ཟབ་ཀྱི་མེ་ཟོན་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།