དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • འདམ་གཞུང་རྫོང་གིས།

    སློབ་འཁོར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་ཆེན་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

    ཉེ་ཆར། འདམ་གཞུང་རྫོང་སྤྱི་བདེ་ཅུས་ཀྱིས་རྫོང་སློབ་གསོ་ཅུས་དང་མཉམ་དུ་སློབ་འཁོར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་ཆེན་པོ་བྱས་པ་རེད།

    ཞིབ་བཤེར་བྱེད་རིང་། སློབ་འཁོར་གྱི་འཁོར་བྱང་ཨང་རྟགས་དང་། འགྲོ་སྐྱོད་ལག་ཁྱེར། རླངས་འཁོར་གྱི་ཕྱིའི་བཟོ་དབྱིབས་དང་རིང་ཚད་སོགས་ཁྱད་ཆོས་གཙོ་བོའི་དཔྱད་གྲངས་ལ་གཙོ་གནད་དུ་ཞིབ་བཤེར་བྱས་པ་མ་ཟད། སློབ་འཁོར་གྱི་མཚོན་རྟགས་དང་། མེ་གསོད་ཡོ་ཆས། སྲུང་ཐག བདེ་འཇགས་ཐོ་བ། ཛ་དྲག་ཐོན་སྒོ་བཅས་ཀྱི་བདེ་འཇགས་ནུས་པ་དང་། སློབ་འཁོར་གྱི་ལག་རྩལ་གནས་ཚུལ། བདེ་འཇགས་ངང་རླངས་འཁོར་གཏོང་བའི་གནས་ཚུལ། དེ་བཞིན་སློབ་འཁོར་གྱི་བདེ་འཇགས་དོ་དམ་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་སོགས་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་ཏེ། ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་འཕྲལ་མར་དག་ཐེར་བྱེད་དགོས་པའི་བཀའ་རྒྱ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།