དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས།

    ཉེན་བརྡ་དྲག་པོ་བཏང་སྟེ་ཁྲིམས་འགལ་སྒྲིག་འགལ་གྱི་ལས་བྱེད་པར་རང་འགུལ་ངང་རང་ཉེས་ངོས་ལེན་ཞུ་རུ་བཅུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

    “ངས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་ཚུལ་མིན་གྱི་ཁེ་ཕན་རག་ཐབས་བྱས་ནས་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་འགལ་བས་བློ་འགྱོད་ཆེན་པོ་བྱུང་། སྔ་ཕྱིར་བསམ་བློ་གང་མང་བཏང་མཐར་ངས་རྩ་འཛུགས་ལ་རང་ཉིད་ཀྱི་གནད་དོན་རང་འགུལ་ངང་ངོས་ལེན་ཞུས་ནས་ཐག་གཅོད་གུ་ཡངས་ཡོང་བའི་བརྩོན་ལེན་བྱེད་ཀྱི་ཡིན” འདི་ལོའི་ཟླ་བདུན་པར། ཉིང་ཁྲི་གྲོང་ཁྱེར་གྱི་ཏང་སྲོལ་སྲིད་གཙང་དྲིལ་བསྒྲགས་སློབ་གསོའི་ཟླ་བ་ཉེར་བརྒྱད་པའི་རིང་བྲག་ཡིབ་ཆུས་ཀྱི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་ཡོད་པའི་ལས་བྱེད་པ་དང་པོའི་གྲས་ཀྱིས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་རེད།

    ཁྲིམས་འགལ་སྒྲིག་འགལ་གྱི་ལས་བྱེད་པས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུ་བ་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་དྲག་རྣམ་པའི་འོག་གི་ལྡོག་ཏུ་མེད་པའི་ལམ་བུ་ཞིག་རེད། བྲག་ཡིབ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གནད་དོན་ཡོད་མཁན་ལ་རང་ཉེས་ངོས་ལེན་ཞུ་བའི་དུས་ཚོད་ཇི་ཙམ་འཕྱིས་ན་དེ་ཙམ་གྱིས་ཐག་གཅོད་ཀྱང་ནན་པོ་བྱེད་ངེས་པའི་གསལ་བརྡ་ཟམ་མི་ཆད་པར་བཏང་བ་དང་། “རུལ་སུངས་བྱེད་མི་ཕོད་པའི”འཇིགས་ཟིལ་ཆེ་རུ་བཏང་བ། མང་ཚོགས་ཀྱིས་ཚུར་སྣང་ལན་ཆ་ཆེན་པོ་བྱེད་པའི་གནད་དོན་མངོན་གསལ་དོད་རིགས་དང་ལྷག་པར་དུ་མངོན་མེད་ཐབས་སྒྱུར་གྱི་སྣང་ཚུལ་གསར་པར་དམིགས་ནས་ཡ་མེད་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་གཅོད་ནན་པོ་བྱས་ཏེ། རུལ་སུངས་ཐོན་ན་མཐའ་གཅིག་ཏུ་ངོ་རྒོལ་དང་། ལྐོག་ཟ་བྱས་ན་ཞིབ་གཅོད་ནན་པོ་མཐའ་འཁྱོངས་བྱེད་བཞིན་ཡོད། འདི་ལོ་ཚུན་དུ། གནད་དོན་ཀྱི་ཁུངས་སྣེ་ཁག་138ཐག་གཅོད་དང་། གྱོད་ཐོ་ཁག་23བཀོད་པ། མི་30ལ་ཆད་པ་བཅད་པ་བཅས་བྱས་ནས། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་འཇིགས་ཟིལ་ཕན་འབྲས་རྒྱུན་མཐུད་འཕེལ་བར་བྱས་ཡོད།

    བྲག་ཡིབ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། “ནོར་འཁྲུལ་ཤོར་ཟིན་པའི་ལས་བྱེད་པར་མཚོན་ན། རང་འགུལ་ངང་ངོས་ལེན་ཞུ་བ་ནི་གདམ་ག་ཡག་ཤོས་དེ་རེད། གོམ་སྟབས་རྗེས་མར། བྲག་ཡིབ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་དགོངས་གཞི་གཟབ་ནན་དང་། བྱེད་ཐབས་གཟབ་ནན། རྣམ་པ་གཟབ་ནན་བཅས་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་། ཉེན་ཟོན་སློབ་གསོའི་གྲུབ་འབྲས་སྤྱོད་ཚད་ཟབ་ཏུ་བཏང་སྟེ། ནོར་འཁྲུལ་ཤོར་བའི་ལས་བྱེད་པར་སྟེས་དབང་གི་བསམ་པ་དོར་ནས་རང་འགུལ་ངང་རྩ་འཛུགས་ལ་གནད་དོན་ཇི་བཞིན་ངོས་ལེན་ཞུ་རུ་བཅུག་པ་དང་སྦྲགས། སློབ་གསོ་དང་ཁ་ཏ་ཡག་པོ་བྱས་ཏེ་སེམས་གཏིང་ནས་རང་སྐྱོན་ངོས་འཛིན་དང་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་རྩ་འཛུགས་ཀྱི་དོན་དུ་མུ་མཐུད་ལས་ཀ་སྒྲུབ་ཏུ་འཇུག་གི་ཡིན”ཞེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།