དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས།

    རེ་བ་ཞུ་མཁན་ལ་ལག་བསྟར་དངུལ་སྒོར་ཁྲི་གསུམ་ལྷག་ཙམ་ལེན་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

     ཉེ་ཆར། ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ལས་བྱེད་ཉེན་རྟོག་པ་རླངས་འཁོར་ལ་བསྡད་ནས་ལྷ་ས་གྲོང་ཁུལ་དུ་བསྐྱོད་དེ་ལག་བསྟར་བྱ་ཡུལ་ཞུས་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ་གཉིས་བཙན་འགུག་བྱས་པ་དང་། ཆུ་ཚོད་13རིང་ཉིན་མཚན་ལྟོས་མེད་ལས་ཀ་བྱས་པ་བརྒྱུད་མཐར་ཐོ་རེངས་ཆུ་ཚོད་3པ་ཙམ་ལ་ལག་བསྟར་གྱོད་འབྲེལ་དངུལ་སྒོར་ཁྲི་3ལྷག་ཙམ་ཚུར་བླངས་པས། ལག་བསྟར་བྱས་ནས་ཟླ་བ་གསུམ་ཕྱིན་པའི་དཀའ་གནད་ཆེ་བའི་གྱོད་གཞི་འདི་ཐག་གཅོད་བདེ་བླག་ཐུབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རེ་བ་ཞུ་མཁན་སྐལ་ཆེ་གེ་མོས་བོགས་གཏོང་གན་རྒྱའི་རྩོད་གཞི་ཞིག་གི་རྐྱེན་པས། ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལ་ལིའུ་ཆེ་གེ་མོར་བཙན་ཤེད་ཀྱིས་ལག་བསྟར་བྱེད་དགོས་པའི་རེ་བ་ཞུས་པ་དང་། གྱོད་གཞི་བདག་སྤྲོད་བྱས་རྗེས་ལག་བསྟར་བྱ་ཡུལ་ལིའུ་ཆེ་གེ་མོར་ཡུན་རིང་གཏན་འཇགས་ཀྱི་ཡོང་འབབ་མེད་པས་བུ་ལོན་ཚང་མ་སྤྲོད་ཐུབ་མེད། དེའི་རིང་། ལག་བསྟར་རེ་བ་ཞུ་མཁན་སྐལ་ཆེ་གེ་མོ་ཁོང་ཁྲོ་ཆེན་པོ་ལངས་ནས་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་དང་དེ་བཞིན་ཡིག་འབུལ་ཞུ་བཅར་སྡེ་ཚན་ལ་ཐེངས་མང་བསྐྱོད་དེ་གྱོད་དོན་ལག་བསྟར་བྱེད་དགོས་པའི་སྐུལ་མ་བཏང་མོད། འོན་ཀྱང་ཁྲིམས་ཁང་གིས་ལག་བསྟར་བྱ་ཐབས་སྣ་ཚོགས་སྤྱད་ཀྱང་ལག་བསྟར་བྱ་ཡུལ་ལིའུ་ཆེ་གེ་མོར་སྔར་བཞིན་ལག་བསྟར་ལ་མཁོ་འདོན་བྱེད་པའི་རྒྱུ་ནོར་གང་ཡང་མེད་པས་གྱོད་གཞི་དེ་ལག་ལེན་བསྟར་མ་ཐུབ་པར་ལུས། ལག་བསྟར་རེ་བ་ཞུ་མཁན་སྐལ་ཆེ་གེ་མོས་རེ་བ་ཐེངས་མང་ཞུས་པ་མ་ཟད་ཁོང་ཁྲོ་ཡང་ཆེན་པོ་བྱེད་ཀྱི་ཡོད་པས། ལག་བསྟར་ཁྲིམས་དཔོན་གྱིས་དོ་བདག་གིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། དོ་བདག་གིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ། ཁ་ཞེ་གཉིས་མེད་དང་། ཞིབ་ཚགས། ངང་རྒྱུད་རིང་པོ་བཅས་ཀྱི་སྒོ་ནས་ལས་བསྟར་རེ་བ་ཞུ་མཁན་སྐལ་ཆེ་གེ་མོ་དང་འབྲེལ་གཏུག་སྤེལ་རེས་དང་གསལ་བཤད་ཐེངས་མང་བྱས་པ་དང་ཆབས་ཅིག ལག་བསྟར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ཐབས་ཤེས་སྣ་ཚོགས་སྤྱད་ནས་མི་གསུམ་པའི་བུན་དབང་ཚུད་པའི་ལག་བསྟར་བྱ་ཡུལ་གྱི་རྒྱུ་ནོར་འཚོལ་ཐབས་བྱས། བྱེད་ཐུབ་པའི་གནས་ཚུལ་འོག་ལག་བསྟར་རེ་བ་ཞུ་མཁན་སྐལ་ཆེ་གེ་མོ་བདེན་དཔང་དང་ཁྲིམས་ཁང་གི་ལག་བསྟར་ལས་དོན་ལ་ཞུགས་རྒྱུར་གདན་གང་ཐུབ་དྲངས་ཏེ་ལག་བསྟར་རེ་བ་ཞུ་མཁན་སྐལ་ཆེ་གེ་མོས་ཁྲིམས་ཁང་གི་ལག་བསྟར་ལས་དོན་ལ་བསམ་ཤེས་དང་གཞོགས་འདེགས་ཐུབ་པའི་བརྩོན་ལེན་གང་ཐུབ་བྱས་ཡོད།

    དེའི་རིང་། གྱོད་གཞིའི་འདིའི་ལག་བསྟར་བྱ་ཡུལ་ལིའུ་ཆེ་གེ་མོར་གྱོད་དོན་གཞན་ཞིག་གི་བཅད་ཁྲ་ཡོད་པའི་རྐྱེན་གྱིས་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་ལེན་བསྟར་རྒྱུའི་རེ་བ་ཞུས་ཤིང་། གྱོད་གཞི་འདིའི་ནང་ལག་བསྟར་རེ་བ་ཞུ་མཁན་ཡིན་པའི་ལིའུ་ཆེ་གེ་མོས་ཁྲིམས་ཁང་ལ་ལག་བསྟར་གང་མགྱོགས་བྱས་ནས་གྱོད་གཞི་གཞན་ཁྲོད་འགྱངས་ཆད་བྱས་པའི་གྱོད་འབྲེལ་དངུལ་འཕྲལ་མར་སྤྲོད་རྒྱུའི་རེ་བ་ཞུས་པས། ལག་བསྟར་ཁྲིམས་དཔོན་གྱིས་གནས་ཚུལ་དེ་ཤེས་རྗེས་འཕྲལ་དུ་གྱོད་གཞི་གཞན་དེའི་ལག་བསྟར་བྱ་ཡུལ་ཞུས་ཆེ་གེ་མོ་བཙན་འགུག་བྱས་ནས། འབྲེལ་ཡོད་བཙན་ཤེད་ཀྱི་བྱ་ཐབས་སྤྱད་དེ་དེར་ཁྲིམས་ནུས་ཐོན་པའི་ཁྲིམས་དོན་ཡིག་རིགས་ནང་གཏན་འཁེལ་བྱས་པའི་འོས་འགན་དག་སྒྲུབ་རྒྱུར་སྐུལ་འདེད་བཏང་ཡོད། མཐར་ལག་བསྟར་ཁྲིམས་དཔོན་དང་ཁྲིམས་འཛིན་ཉེན་རྟོག་པའི་དཔུང་ཁག་གིས་ཉིན་མཚན་མེད་པར་འབད་འཐབ་བྱས་པ་བརྒྱུད། གྱོད་གཞི་དེར་མཐར་གྱོད་འབྲེལ་དངུལ་སྒོར་ཁྲི་3ལག་བསྟར་ཐུབ་པ་དང་། ལིའུ་ཆེ་གེ་མོས་ཁྲིམས་ཁང་ལ་གྱོད་འབྲེལ་དངུལ་དག་ལག་བསྟར་རེ་བ་ཞུ་མཁན་སྐལ་ཆེ་གེ་མོར་འགྱངས་ཆད་བྱས་པའི་གྱོད་འབྲེལ་དངུལ་ཡོངས་རྫོགས་སྤྲོད་པར་སྤྱོད་རྒྱུའི་རེ་བ་ཞུས་པ་རེད།

    གྱོད་གཞི་འདིའི་ནང་ལག་བསྟར་རེ་བ་ཞུ་མཁན་སྐལ་ཆེ་གེ་མོ་དང་ལག་བསྟར་བྱ་ཡུལ་ལིའུ་ཆེ་གེ་མོའི་དབར་བོགས་གཏོང་གན་རྒྱའི་རྩོད་གཞི་ལག་བསྟར་བྱས་ནས་ཟླ་གསུམ་ཙམ་སོང་རྗེས། མཐར་སྐལ་ཆེ་གེ་མོར་གྱོད་འབྲེལ་དངུལ་ཚང་མ་རག་ཡོད། ལག་བསྟར་རེ་བ་ཞུ་མཁན་སྐལ་ཆེ་གེ་མོར་ལག་བསྟར་བྱས་པའི་གྱོད་འབྲེལ་དངུལ་ཚང་མ་རག་པ་མཐོང་དུས། ལག་བསྟར་ཁྲིམསདཔོན་དང་ཁྲིམས་འཛིན་ཉེན་རྟོག་པ་རྣམས་ཀྱང་བློ་བདེ་པོ་བྱུང་ཡོད།

    གྱོད་གཞི་ལག་བསྟར་བྱེད་པའི་ལས་དོན་སྤེལ་རིང་། ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་འགུལ་ཁྲིམས་འཛིན་ལ་བརྟེན་ནས་མི་དམངས་ཁྲིམས་ཁང་གི་འགན་འཁྲི་དང་བྱ་སྤྱོད་མཐའ་འཁྱོངས་ཀྱིས་བློ་གཅིག་སེམས་གཅིག་གིས་ཞུ་གཏུག་ཐོབ་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས། “སྒལ་རལ་པར”རྡུང་རྡེག་ཚ་ནན་གཏོང་བ་དང་། “སྒལ་རལ་པ”ལག་བསྟར་ལས་གཡོལ་བ་དང་ལག་བསྟར་ལ་འགོག་རྒོལ་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་མི་དམངས་མང་ཚོགས་ཚོར་དྲང་གཞག་དྲང་བདེན་ཚོར་ཐུབ་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།