དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་བྱ་ས་ཁྲོམ་གཞུང་མངགས་གཏོང་ཁང་གིས།

    ཁྲིམས་ལས་འགལ་ནས་གྲོང་མིའི་ཐོབ་ཐང་ལག་ཁྱེར་རྫུན་མ་ཉོ་མཁན་གྱི་སྐྱེས་པ་ཞིག་བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་བྱ་ས་ཁྲོམ་གཞུང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ལས་ཀ་བྱེད་སྐབས། ཁོངས་གཏོགས་ཁུལ་གྱི་སྐྱེས་པ་ཞིག་གིས་གྲོང་མིའི་ཐོང་ཐང་ལག་ཁྱེར་རྫུན་མ་ཉོས་པའི་དོགས་གཞི་ཡོད་པ་ཤེས་རྟོགས་བྱུང་བ་རེད། མི་དམངས་ཉེན་རྟོག་པས་མགྱོགས་མྱུར་ཁྲིམས་འགལ་ཉེས་གསོག་དོགས་ཅན་ཞེ་ཆེ་གེ་མོའི་གནས་ཡུལ་གཏན་འཁེལ་བྱས་ཤིང་། གནས་དེ་ག་ནས་ཞེ་ཆེ་གེ་མོས་དྲ་རྒྱ་བརྒྱུད་ཁྲིམས་འགལ་ངང་མི་གཞན་ལ་ཉོས་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་རྫུན་མ་4རྙེད་པ་རེད།

    འདྲི་རྩད་བྱས་པ་བརྒྱུད་ཞེ་ཆེ་གེ་མོས་རང་ཉིད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཚང་མ་སྦས་གསང་མེད་པར་ངོས་ལེན་ཞུས་པ་རེད། མིག་སྔར། བྱ་ས་ཁྲོམ་གཞུང་མངགས་གཏོང་ཁང་གིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞེ་ཆེ་གེ་མོ་སྲིད་འཛིན་བཀག་ཉར་བྱས་ཤིང་། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་གཞན་དག་གི་དོགས་གཞི་ཡོད་སྟབས། ཞེ་ཆེ་གེ་མོ་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་རྩིས་སྤྲད་པ་དང་། གྱོད་གཞི་མྱུལ་ཞིབ་ཞིབ་ཕྲ་བྱེད་བཞིན་ཡོད་པ་རེད།

    ཉེན་རྟོག་པས་དྲན་སྐུལ་ཞུ་རྒྱུར། འཚོ་བའི་ཁྲོད་སྤྱི་དམངས་ཀྱིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་ལ་སྲུང་སྐྱོང་ཡག་པོ་བྱས་ནས་མི་བརླག་པ་བྱེད་དགོས། གལ་ཏེ་བརླག་ཚེ་ངེས་པར་དུ་འཕྲལ་མར་འབྲེལ་ཡོད་སྡེ་ཚན་དུ་བོར་ཐོ་འགོད་པ་དང་གསབ་གཉེར་བྱེད་དགོས། གཞན་ཡང་། ཐོབ་ཐང་ལག་ཁྱེར་གྱི་པར་མ་སོགས་ཀྱི་ཆ་འཕྲིན་ཡང་ཉར་ཚགས་གཟབ་ནན་བྱས་ཏེ། མི་གཞན་གྱིས་རྐུ་སྤྱོད་བྱས་པའི་དབང་གིས་དགོས་མེད་ཀྱི་རྙོག་དྲ་མི་ཐོན་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།