དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ཐ་མག་གི་ཁྲོམ་རར་ཆེད་དོན་གཙང་བཤེར་དང་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

     ཉེ་ཆར། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ཐ་མག་གི་ཁྲོམ་རར་གཙང་བཤེར་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་རིང་ཐ་མག་དང་འབྲེལ་བའི་གྱོད་གཞི་13རྩད་ཆོད་པ་དང་། རིམ་རྩིས་བྱས་ན་གྱོད་འབྲེལ་རིན་ཐང་སྒོར་ཁྲི་207.76ཟིན་ནས་ཐ་མག་དང་འབྲེལ་བའི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནུས་ལྡན་བཏང་སྟེ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་རྡོ་ཐའི་ཁྲོམ་རའི་ཁོར་ཡུག་ཅིག་བསྐྲུན་ཡོད་པ་རེད།

    ཆེད་དོན་བྱ་སྤྱོད་སྤེལ་རིང་། ཅུས་དེས་ཤེས་རྟོགས་བྱུང་བའི་ཐ་མག་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་གཞིར་བཟུང་ཞིབ་བཤེར་མཐར་ཕྱིན་པ་བྱས་པ་བརྒྱུད། འབྱུང་རྩ་ནས་རྗེས་འདེད་དང་མཐའ་སྣེ་བརྒྱུད་ཕྱོགས་ཡོངས་ནས་རྡུང་རྡེག་བཏང་སྟེ། ཐ་མག་དང་འབྲེལ་བ་ཡོད་པའི་ཚོགས་པ་ཁག་གཅིག་གི་སྒྲིག་འཛུགས་པ་དང་། གཉེར་སྐྱོང་བ། ཁེ་ཕན་འཐོབ་མཁན་བཅས་ལ་ཆད་པ་ནན་པོ་བཅད་པ་དང་། བསྡོམས་ཐ་མག་དང་འབྲེལ་བའི་གྱོད་གཞི་ཁག་13དང་གྱོད་འབྲེལ་ཐ་མག་72076རྩད་ཆོད་པ། རིམ་རྩིས་བྱས་ན་གྱོད་འབྲེལ་རིན་ཐང་སྒོར་ཁྲི་207.76ཟིན་པའི་ནང་། གྱོད་འབྲེལ་རིན་ཐང་སྒོར་ཁྲི་5ཡན་ཟིན་པའི་གྱོད་གཞི་ཆེན་པོ་4རྩད་ཆོད་པས། ཐ་མག་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་བཀག་འགོག་ནུས་ལྡན་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།