དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་བློ་བདེའི་འཛད་སྤྱོད་དར་སྤེལ་གྱི་ལས་དོན་ཤུགས་ཆེན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་འཛད་སྤྱོད་ཁོར་ཡུག་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས། སྲིད་གཞུང་སྡེ་ཚན་གྱི་འགན་ནུས་འདོན་སྤེལ་གྱིས་སྲིད་གཞུང་གི་ལྟ་འདོམས་ཀྱི་ཕན་ནུས་དང་། ཁེ་ལས་ཀྱི་རང་གཅུན་འདུ་ཤེས། སྤྱི་ཚོགས་ཀྱི་ལྟ་སྐུལ་ཆུ་ཚད། མང་ཚོགས་ཀྱི་འཛད་སྤྱོད་གདེང་ཚོད་བཅས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། ལྷ་ས་གྲོང་ཁྱེར་གྱིས་བློ་བདེའི་འཛད་སྤྱོད་དར་སྤེལ་གྱི་ལས་དོན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རྫོང་དང་ཆུས་ཀྱི་གཞི་རིམ་གྱི་ཞུ་གཏུག་ཐེར་འདོན་ལྟེ་གནས་9ལ་བརྟེན་ནས་ཤང་དང་གྲོང་རྡལ་དང་། སྡེ་ཁུལ། སློབ་གྲྭ ཚོང་ར་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་སོགས་སུ་12315ཡི་དབང་སྲུང་འབྲེལ་གཏུག་ས་ཚིགས་103བཙུགས་ཏེ། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང(གྲོང་རྡལ)བཅས་ལ་ཁྱབ་པའི་རིམ་གསུམ་འཛད་སྤྱོད་པའི་དབང་སྲུང་དྲ་བ་ཞིག་གྲུབ་ཡོད། ལྷ་ས་གྲོང་ཁྱེར་གྱི་རྫོང་5ཡི་ཤང་དང་གྲོང་རྡལ་དུ་དབང་སྲུང་ས་ཚིགས་ཁྱོན་ཡོངས་ལ་ཁྱབ་ནས་འཛད་སྤྱོད་ཀྱི་རྩོད་གཞི་རང་འགུལ་ངང་ཐག་གཅོད་བྱེད་ཚད་90%ཡན་ཟིན་ཡོད་པ་རེད། དུས་ཆེན་དང་གུང་གསེང་རིང་ཉིན་མཚན་དབྱེར་མེད་ཀྱི་སྡོད་བྱའི་ལམ་ལུགས་ལག་ལེན་བསྟར་ནས་འཛད་སྤྱོད་རྩོད་གཞི་འཕྲལ་མར་ཐག་གཅོད་འོས་འཚམ་བྱས་ཏེ་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

    འཛད་སྤྱོད་དབང་སྲུང་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རང་འགུལ་ངང་ཁེ་ལས་ལ་སྒོ་རྩར་བསྐྱོད་ནས་ཞབས་ཞུ་དང་ལས་སྒོའི་མཛུབ་ཁྲིད་བྱས་ཏེ། ཆ་རྐྱེན་འཛོམས་པའི་ཁེ་ལས་རྒྱལ་ཡོངས་ཀྱི་12315ཡི་ལས་སྟེགས་ནང་ཞུགས་པར་ཁྲིད་སྟོན་བྱས་ནས་ལྗོངས་ཡོངས་ཀྱི་སྔོན་དུ་ODRཁེ་ལས་འཕེལ་རྒྱས་བཏང་སྟེ་འཛད་སྤྱོད་ཀྱི་རྩོད་གཞི་འབྱུང་རྩ་ནས་ཐག་གཅོད་དང་། གཞི་རིམ་ནས་ཐག་གཅོད། ཁེ་ལས་ནང་ཁུལ་དུ་ཐག་གཅོད་བཅས་བྱས་ཡོད། སྔ་རྗེས་སུ་ཕྱོགས་བསྡུས་ཚོང་ཁང་ཆེ་གྲས་དབན་ཏ་དང་། ཧྲན་ལི། མོས་ཚོགས་ལས་སྟེགས་སོགས་ཁེ་ལས་25ལ་ODRདྲ་ཐོག་འཛད་སྤྱོད་རྩོད་གཞི་འདུམ་འགྲིག་ལམ་སྲོལ་ཁྱབ་གདལ་གཏིང་ཟབ་བཏང་ནས། འཛད་སྤྱོད་པའི“ཉིན་མཚན་དབྱེར་མེད་ཀྱི་དྲ་ཐོག་དབང་སྲུང”མངོན་འགྱུར་བྱུང་ཡོད། ཉེ་བའི་ལོ་ཤས་རིང་ཁེ་ལས་ཀྱིས་རང་བརྟེན་ངང་དྲ་ཐོག་ནས་འཛད་སྤྱོད་རྩོད་གཞི་ཁག་68འདུམ་འགྲིག་བྱས་ནས་འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་20.7མི་ཕོག་པ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།