དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གིས།

    ​ བྱ་ཐབས་སྣ་མང་སྤྱད་ནས་ཁ་བསླུས་འགོག་རྒོལ་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

    ཉེ་ཆར་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གིས་དབྱར་དུས་ཀྱི་བདེ་འཇགས་རྡུང་རྡེག་བཅོས་སྒྲིག་བྱ་སྤྱོད་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱལ་ཡོངས་ཀྱི“བསྙེན་བཀུར་ཟླ་བ”བཅུ་བཞི་པའི་བྱེད་སྒོ་གོ་སྐབས་སུ་བྱས་ནས། “ཉེན་རྟོག་པ་ཡོངས་དང་དམངས་ཡོངས་ཀྱིས་ཁ་བསླུས་འགོག་རྒོལ་བྱ་སྤྱོད”ཀྱི་ཚ་རླབས་མུ་མཐུད་འཕྱུར་བ་བྱས་ཏེ་བུད་མེད་དང་། བྱིས་པ། རྒན་རྒོན། སློབ་མ་སོགས་མགོ་སྐོར་ཐེབས་སླ་བའི་མི་ཚོགས་གཙོ་གནད་དུ་བྱས་ནས་དམ་འཛིན་བྱས་ཤིང་། ལོ་ཚོད་དང་། རིག་གནས་ཆུ་ཚད། རྒྱུན་གཏན་གྱི་འཚོ་བ་སྐྱེལ་སྟངས་སོགས་ཀྱི་ཧེ་བག་ལ་གཞིགས་ནས་གནད་སྨིན་དྲིལ་བསྒྲགས་བྱས་ཏེ། ཁ་བསླུས་འགོག་རྒོལ་གྱི་ཤེས་བྱ་དྲིལ་བསྒྲགས་ལས་དོན་གྱི་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་ནུས་ལྡན་བཏང་བ་དང་ལྷག་པར་དུ་ཁོངས་གཏོཌ་ཁུལ་གྱི་རྒན་རྒོན་ལ་བདེ་སྲུང་ཐོན་རྫས་དང་། རྒན་གསོའི་མ་དངུལ་འཇལ་སྤྲོད། རྒན་གསོའི་མ་འཇོག་སོགས་ཁ་བསླུས་རྒྱག་སྟངས་སྣ་ཚོགས་དང་ཁྱད་ཆོས་དམར་རྗེན་དུ་བཏོན་ནས་རྒན་རྒོན་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་མ་ཐེབས་པའི་རོགས་རམ་བྱས་པ་རེད། དེ་དང་ཆབས་ཅིག་མི་དམངས་ཉེན་རྟོག་པས་གྲོང་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོ་ཨུ་ལྷན། སློབ་གྲྭ་བཅས་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་མི་ཧྲེང་རྒན་རྒོན་དང་། ཁྱིམ་འཛིན་མ། སློབ་མ། གླ་པ་སོགས་མགོ་སྐོར་ཐེབས་སླ་བའི་ཚོགས་སྤྱིར་ཐུན་མོང་ཐོག་དོ་ཁུར་བྱས་ཏེ་དུས་བཀག་ནང་གནས་ཚུལ་སྤེལ་རེས་དང་། ཉེན་བརྡའི་གནས་ཚུལ་བརྡ་ཁྱབ། མཉམ་དུ་ཁ་བསླུས་འགོག་རྒོལ་གྱི་ཤེས་བྱ་དྲིལ་བསྒྲགས་བཅས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།