དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་རྩེ་རྫོང་ཁྲིམས་ཁང་གིས་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་10ལྷག་ཙམ་ཟིན་པའི་གྱོད་གཞི་ཞིག་ཉིན་གཉིས་ལ་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

     ཉེ་ཆར། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ད་ཐེངས་ལག་བསྟར་བྱེད་མཇུག་འགྲིལ་བའི་གྱོད་གཞི་ཞིག་ཁྲིམས་ལྟར་སླར་གསོ་བྱས་པ་བརྒྱུད། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་10ལྷག་ཙམ་ཟིན་པའི་གྱོད་གཞི་ཞིག་ཉིན་གཉིས་ལ་ཐག་གཅོད་བྱས་པ་རེད།

    དངོས་ཆེ་གེ་མོ་དང་སངས་ཆེ་གེ་མོའི་ངལ་ལས་གན་རྒྱའི་རྩོད་གཞིའི་གྱོད་གཞི་དེ་བཙན་ཤེད་ཀྱིས་ལག་བསྟར་བྱས་རྗེས་ཁྲིམས་ཁང་གིས་རྒྱུ་ནོར་བརྟག་དཔྱད་ཀྱི་བྱེད་ཐབས་ལག་བསྟར་བྱེད་མཇུག་འགྲིལ་ཡང་ལག་བསྟར་བྱ་ཡུལ་སངས་ཆེ་གེ་མོར་ལག་བསྟར་ལ་མཁོ་འདོན་བྱེད་པའི་རྒྱུ་ནོར་གང་ཡང་མེད་པ་ཤེས་རྗེས། མཐར་ལག་བསྟར་བྱེད་མཇུག་འགྲིལ་ཐབས་ལ་བརྟེན་ནས་གྱོད་གཞི་ཐག་བཅད་པ་རེད། གྱོད་གཞི་ཐག་བཅད་རྗེས་ལག་བསྟར་ཁྲིམས་དཔོན་གྱིས་དྲ་ཕྱི་ནས་ཁོང་དུ་ཆུད་པའི་ཁུངས་སྣེར་ཐོག་མའི་ཞིབ་བསྡུར་བྱས་རྗེས། བར་ཐག་སྤྱི་ལེ་ཆིག་སྟོང་ལྷག་ཙམ་ཆོད་པའི་མངའ་རིས་ས་ཁུལ་རྩ་མདའ་རྫོང་དུ་འབྲེལ་ཡོད་ཁུངས་སྣེར་སྔར་བས་ཞིབ་བསྡུར་བརྟག་དཔྱད་བྱེད་པར་བསྐྱོད་པ་དང་འབྲེལ། ཁྲིམས་ལྟར་ལག་བསྟར་བྱ་ཡུལ་གྱི་གྱོད་འབྲེལ་ལས་གྲྭའི་མ་དངུལ་བསྡམས་བཅད་བྱས་པ་དང་རྩིས་ཁོངས་བསྒྱུར་བ་རེད། མཐར་གཞོགས་འདེགས་ཚན་པའི་བདག་སྐྱོང་དུམ་བུ་ཞིག་གི་གཞོགས་འདེགས་ཧུར་ཐག་འོག་གྱོད་གཞི་བདེ་བླག་ཐག་ཆོད་པ་དང་། ཁ་མཆུ་ཐོབ་པའི་དོ་བདག་དངོས་ཆེ་གེ་མོའི་ཁེ་དབང་ཚང་མ་དོན་འཁྱོལ་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།