དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་རིག་རྩལ་བྱེད་སྒོ་མཐའ་མཚམས་སུ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

     ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས་སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་མཐོར་གཏོང་བྱ་སྤྱོད་ཀྱི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པའི་མཛད་སྒོ་དང“ཁྲིམས་ལུགས་མཐའ་མཚམས་སུ་ཁྱབ། མི་དམངས་བདེ་ཞིང་སྐྱིད”ཞེས་པའི་2023ལོའི་ཁྲིམས་སྐྱོང་རིག་རྩལ་བྱེད་སྒོ་ཁང་དམར་དང་། གྲོ་མོ། གམ་པ། གཏིང་སྐྱེས་སོགས་རྫོང་9ཡི་མཐའ་མཚམས་མང་ཚོགས་ཀྱི་ཁྲོད་དུ་སྤེལ་ནས། གཞིས་རྩེའི་ཁྲིམས་སྐྱོང་གནད་སྨིན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་བྱེད་རྒྱུ་དེ་གྲོང་ཁྱེར་ཡོངས་ཀྱི་2023ལོའི་བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་གི་ལས་ཀའི་གཙོ་གནད་ནང་བཅུག་ནས། སྒྲིག་འཛུགས་ཞིབ་ཚགས་དང་གནད་འགག་དམ་འཛིན་ནན་པོ་བྱས་ཏེ་གཞས་མ་གཏམ་དང་། དགོད་བྲོའི་གཏམ་གླེང་། འཁྲབ་ཚན་ཐུང་ངུ་། མི་རིགས་ཀྱི་གླུ་གར། གཏམ་བརྗོད་ཟློས་གར་སོགས་བརྗོད་དོན་མངོན་གསལ་དོད་པ་དང་། ནང་དོན་ཕུན་སུམ་ཚོགས་པའི་ཁྲིམས་སྐྱོང་རིག་རྩལ་བརྩམས་ཆོས་ཁག་10ལྷག་ཙམ་གསར་རྩོམ་བྱས་ནས་མང་ཚོགས་ཀྱིས་གོ་ཐུབ་པ་དང་སྦྱོང་ཐུབ་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཁྲིམས་སྐྱོང་གི་ནང་དོན་མཚོན་པར་བྱས་ཏེ། གནད་སྨིན་བཅའ་ཁྲིམས་ཁྱབ་གདལ་དང་གདམ་གའི་རྣམ་པའི་བཅའ་ཁྲིམས་ཁྱབ་གདལ་ཟུང་འབྲེལ་ནུས་ལྡན་བྱས་ནས། “གཞན་བརྟེན་རྣམ་པའི”བཅའ་ཁྲིམས་ཁྱབ་གདལ་གཏོང་བ་ནས“རིག་རྩལ་རྣམ་པའི”བཅའ་ཁྲིམས་ཁྱབ་གདལ་གཏོང་བར་རིམ་བཞིན་མངོན་འགྱུར་བྱུང་ཡོད། བྱེད་སྒོ་སྤེལ་ཡུན་ཉིན་10ཡིན་པ་དང་བཅའ་ཁྲིམས་ཁྱབ་གདལ་གྱི་དཔེ་དེབ་སྣ་ཚོགས་ཁྲི་3.2སྤྲད་པ་དང་། བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་དངོས་པོ་ཁྲི་1.8ལྷག་ཙམ་སྤྲད་པ། ས་གནས་ས་ཐོག་ཏུ་ལྟད་མོ་བ་མི་ཐེངས་ཁྲི་1.1ཙམ་ཟིན་པ། ཁྱུག་དབྱིངས་དང་སྐད་འཕྲིན་སོགས་སྨྱན་སྦྱོར་གསར་པ་ནས་འཁྲབ་སྟོན་ལེ་ཚན་ལྟ་མཁན་མི་ཐེངས་ཁྲི་300ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།