དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བགྲེས་སོང་ལ་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

    ཉིན་ཤས་བསྟུད་མར། བོད་ཀྱི་རིམ་ཁག་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་དང་། རྒན་གསོའི་སྒྲིག་གཞིའི་འགན་འཁུར་བ་དང་། ལས་དོན་མི་སྣ། དེར་སྡོད་པའི་བགྲེས་སོང་བཅས་རྒྱ་ཁྱབ་ངང་སྐུལ་སློང་བྱས་ནས་མེ་ཟོན་དྲིལ་བསྒྲགས་བྱེད་སྒོར་ཞུགས་ཏེ། ཁོང་ཚོས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་སྦྱོང་བ་དང་ཉེ་འགྲམ་གྱི་མེ་ཟོན་བདེ་འཇགས་ལ་དོ་ཁུར་བྱ་རྒྱུའི་སྐུལ་འདེད་བཏང་བ་རེད།

    འདི་ནི་མེ་ཟོན་བཀོད་འཐབ་པས་རྒན་རྒོན་ཚོར་སོལ་རླངས་དམ་བིའི་མེ་གསོད་སྟངས་དང་དོ་སྣང་བྱེད་དགོས་པའི་དོན་དག་གསལ་བཤད་བྱེད་བཞིན་པ།

    འདི་ནི་མེ་ཟོན་དྲིལ་བསྒྲགས་པས་རྒན་གསོའི་སྒྲིག་གཞིའི་ལས་དོན་མི་སྣར་མེ་གསོད་ཡོ་བྱད་སྤྱོད་སྟངས་འགྲེལ་བཤད་རྒྱག་བཞིན་པ།

     འདི་ནི་མེ་ཟོན་དང་བླངས་པས་རྒན་གསོའི་སྒྲིག་གཞིའི་ལས་དོན་མི་སྣ་དང་དེར་སྡོད་པའི་བགྲེས་སོང་ལ་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།