བོད་དམག་ཁུལ་ཁང་གི་པུའུ་ཞིག་གིས།
“སྤྱོད་གཙང་ལ་བརྟེན་ནས་མི་གསོ་སྐྱོང”བྱས་ཏེ་སྲིད་གཙང་འཛུགས་སྐྱོང་བྱས་པ།
འདི་ནི་སྲིད་གཙང་སློབ་གསོའི་རྟེན་གཞིར་དཔོན་དམག་ཚོས་འགྲེལ་བཤད་པའི་ངོ་སྤྲོད་ལ་ནན་ཏན་ངང་ཉན་བཞིན་པ།
ཉིན་ཤས་བསྟུད་མར། བོད་དམག་ཁུལ་ཁང་གི་པུའུ་ཞིག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་སྒྲིག་ཁྲིམས་སློབ་གསོ་དང་། སྲིད་གཙང་སློབ་གསོ། ཏང་གཤིས་སློབ་གསོ་བཅས་སྤྱི་འདོམས་ཀྱིས་དཔོན་དམག་ཚོའི་སྣེ་ཁྲིད་དེ་ཏང་གཤིས་བློ་སྦྱོང་ལ་རྒྱུན་མཐུད་ཞུན་བརྡར་དང་ཕུགས་བསམ་དད་སེམས་བརྟན་དུ་བཏང་སྟེ། སྒྲིག་ཁྲིམས་སྲུང་བ་དང་སྤྱོད་ཚུལ་ལེགས་གཏོང་གི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་རེད།
པུའུ་དེས་ཏང་ཨུད་ཀྱི་འགོ་ཁྲིད་དང་ལས་ཁུངས་ཀྱི་ལས་བྱེད་པ། ཡན་ལག་རུ་ཁག་གི་འགོ་ཁྲིད་གཙོ་བོ་བཅས་སྒྲིག་འཛུགས་བྱས་ནས་གཞིས་རྩེ་གྲོང་ཁྱེར་གྱི་སྲིད་གཙང་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་མངགས་པ་དང་། འགྲེལ་བཤད་པའི་ཁྲིད་སྟོན་འོག་དཔོན་དམག་ཚོས་འགྲེལ་བཤད་ལ་ནན་ཏན་ངང་ཉན་ཞིང་། “སྟག་རྡུང་དང་། སྦྲང་རྡུང་། ཝ་རྔོན”བཅས་ཀྱི་རུལ་རྒོལ་གྲུབ་འབྲས་འགྲེམས་སྟོན་དང་། “ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་རྫོགས་མཚམས་མེད་པ”དང“ཏང་གི་རང་ངོས་གསར་བརྗེར་ནམ་ཡང་རྫོགས་མཚམས་མེད་པའི”ཉེན་བརྡའི་སློབ་གསོའི་གློག་བརྙན། དེ་བཞིན“སྒྲིག་ལམ་ལས་མི་འགལ་བ་དང་། མ་མཐའི་མཚམས་ཐིག་ལས་མི་བརྒལ་བ། དམར་ཐིག་ལས་མི་བརྒལ་བ”བཅས་ཀྱི་མཉམ་འགུལ་བརྙན་ཐུང་བཅས་ལ་བལྟས་པ་རེད། གསོན་ཉམས་དོད་པའི་གྱོད་དཔེ་རེ་རེ་དང་། པར་དང་ཡི་གེ་རེ་རེ། དྲན་སྐུལ་གྱི་སྐད་ཆ་རེ་རེ་ལས་དཔོན་དམག་ཚོར་དྲན་སྐུལ་ཟབ་མོ་ཐེབས་པ་རེད།
“དེ་རིང་རྟེན་གཞིར་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་སྐྱོད་སྐབས་རུལ་སུངས་ཀྱི་གནད་དོན་མི་ཉུང་བ་ཞིག་ནི་ཆུང་ཙག་ནས་རིམ་གྱིས་ཐོན་པ་ཤ་སྟག་ཡིན་པ་མཐོང་བྱུང་བས། སླད་ཕྱིན་གྱི་སློབ་སྦྱོང་དང་ལས་དོན་ཁྲོད་ང་ཚོས་བསམ་བློའི་ཉེན་བརྡ་ཆེ་རུ་བཏང་སྟེ། སྤྱོད་གཙང་རིག་གནས་ལ་བརྟེན་ནས་ཕྱིའི་བྱ་སྤྱོད་དང་ནང་སེམས་རྒྱུད་གཉིས་ཀ་གསོ་ཐུབ་པར་བྱ་རྒྱུ་ཡིན”ཞེས་སྲིད་གཙང་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་རྗེས་པུའུ་དེའི་ལན་ཀྲང་སྐལ་བཟང་ཟླ་བས་བཤད།