དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“ཞིབ་དཔྱོད+མེ་ཟོན”གྱི་མཉམ་ལས་ལམ་སྲོལ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

    མེ་ཟོན་བདེ་འཇགས་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་དང་ཁྲིམས་སྒྱུར་གྱི་མཉམ་ལས་གཞོགས་འདེགས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། མེ་ཟོན་ལྟ་འདོམས་ཀྱི་འགན་ནུས་དང་ཞིབ་དཔྱོད་ལྟ་སྐུལ་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། ལྟ་སྐུལ་དང་ལྟ་འདོམས་ཀྱི་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་པ། མེ་ཟོན་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ནུས་ལྡན་ངང་སེལ་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇཌ་ དང་སྤྱི་ཚོགས་བརྟན་ལྷིང་ལ་འགན་ལེན་བཅས་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་སྲིད་འཛིན་ཁྲིམས་སྒྱུར་དང་ཞིབ་དཔྱོད་སྤྱི་ཕན་རེ་ཞུ་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་ནས“ཞིབ་དཔྱོད+མེ་ཟོན”གྱི་མཉམ་ལས་ལམ་སྲོལ་བཙུགས་ཏེ། སྤྱི་པའི་མེ་ཟོན་བཅོས་སྐྱོང་གི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་བ་རེད།

    མེ་ཟོན་ཁྲིམས་སྒྱུར་ཚད་ལྡན་ཅན་འཛུགས་སྐྱོང་ལ་དམིགས་ཏེ་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་འགན་ནུས་འདོན་སྤེལ་བྱས་ནས། མེ་ཟོན་བདེ་འཇགས་ཀྱི་ཁྲིམས་འཛིན་སྲུང་སྐྱོང་གི་སྲུང་ཡོལ་བརྟན་དུ་བཏང་ཡོད། ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དང་ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་བཀོད་སྒྲིག་ཞིབ་ཚགས་བྱས་ནས། 《མེ་ཟོན་རོགས་སྐྱོབ་ཀྱི་སྲིད་འཛིན་ཁྲིམས་སྒྱུར་དང་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་ལས་དོན་གྱི་འབྲེལ་མཐུད་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》མཉམ་དུ་བཀྲམ་ནས། ཆ་འཕྲིན་མཉམ་སྤྱོད་དང་། གྱོད་གཞི་བརྡ་ཁྱབ། ཁུངས་སྣེ་བརྒྱུད་སྤྲོད། དཔེ་མཚོན་གྱོད་དཔེ་མཉམ་དུ་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་ལམ་སྲོལ་ཁག་བཅུ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་དུས་བཀག་ལྟར་ཞིབ་དཔྱོད་ལས་ཁུངས་ལ་མེ་གསོད་ཁྲིམས་སྒྱུར་ཡིག་ཆ་འདྲ་བཤུས་བྱས་ནས་སྐྱེལ་བ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་མེ་ཟོན་རོགས་སྐྱོབ་ལས་ཁུངས་ཀྱིས་འགན་དབང་སྤྱོད་པའི་བརྒྱུད་རིམ་ལ་ལྟ་སྐུལ་བྱེད་པ་སོགས་ཀྱི་བྱེད་ཐབས་ཞིབ་ཕྲ་ཁ་གསལ་བཟོས་ཏེ། ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་སྒྱུར་ནན་པོ་བྱེད་པར་སྐུལ་འདེད་བཏང་ནས། མེ་ཟོན་ཁྲིམས་སྒྱུར་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་རེད།

    མེ་ཟོན་སྔོན་འགོག་དང་ཚོད་འཛིན་གྱི་གནད་དོན་ལ་དམིགས་ཏེ་མཉམ་འབྲེལ་བཅོས་སྒྲིག་བྱས་ནས། ནུས་ཤུགས་ཡོད་རྒུས་མེ་ཟོན་བདེ་འཇགས་བཅོས་སྐྱོང་གི་དཀའ་གནད་བསལ་ཡོད། མཉམ་འབྲེལ་བཅོས་སྒྲིག་བྱེད་པའི་བྱ་ཐབས་སྤྱད་ནས་མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་རྒྱུན་གཏན་གྱི་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱེད་སྐབས། དུས་ངེས་མེད་ཀྱིས་ཞིབ་དཔྱོད་ལས་ཁུངས་གདན་དྲངས་ནས་ཁྲིམས་ལྟར་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་མི་འཁུར་བའི་གནས་ཚུལ་ལ་ལྟ་སྐུལ་བྱེད་པ། ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་འགན་སྒྲུབ་རིང་རོལ་རྩེད་ཁང་དང་། ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས། ཐོན་སྐྱེད་ལས་སྣོན་ཁང་། གྲོང་མིའི་སྡོད་ཁང་སོགས་ཚན་པས་ཁྲིམས་ལྟར་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་མ་བསྒྲུབས་པའམ་ཡང་ན་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པའི་ཁུངས་སྣེ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་མེ་ཟོན་རོགས་སྐྱོབ་སྒྲིག་གཞིར་རྩིས་སྤྲོད་བྱས་ཏེ་སྔོན་ནས་ཉེན་བརྡ་གཏོང་བ་དང་། བྱ་བ་སྒྲུབ་རིང་ལྟ་སྐུལ་བྱེད་པ། ལས་ཀ་བསྒྲུབས་རྗེས་ཚོད་འཛིན་བྱེད་པ་བཅས་ཀྱི་ཚན་རིག་དང་མཐུན་པའི་ལྟ་སྐུལ་བྱ་ཐབས་སྤྱད་དེ། དུས་ཡུན་རིང་པོའི་ནང་མེ་ཟོན་རོགས་སྐྱོབ་སྒྲིག་གཞིར་འགོག་རྐྱེན་བཟོ་བའི་ལྟ་འདོམས་ཀྱི་དཀའ་གནད་དང་། བཅོས་སྐྱོང་གི་དཀའ་གནད། བཅའ་ཁྲིམས་དང་འབྲེལ་བའི་དཀའ་གནད་ཁག་གཅིག་སེལ་བར་སྐུལ་འདེད་བཏང་ནས། གཉིས་ཁེ་གཉིས་ཕན་གྱི་བཅོས་སྐྱོང་ཕན་འབྲས་ཐོན་ཡོད་པ་རེད།

    “ཞིབ་དཔྱོད+མེ་ཟོན”གྱི་མཉམ་ལས་དེ་འཚོལ་ཞིབ་རང་བཞིན་གྱི་ལམ་སྲོལ་ཞིག་ཏུ་བརྩིས་པ་དང་དེ་ནི་ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དང་ཞིབ་དཔྱོད་ཁང་གིས་མེ་ཟོན་བདེ་འཇགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་ལས་དོན་སྤེལ་བའི་ཚོད་ལྟ་གསར་པ་ཞིག་ཡིན་པ་དང་། སྲིད་གཙང་ཉམས་ཉེན་འགོག་ཟོན་དང་། སྲིད་འཛིན་བྱ་སྤྱོད་ལ་ལྟ་སྐུལ། མེ་ཟོན་ཁྲིམས་སྒྱུར་གྱི་སྤྱི་དོན་དབང་ཆ་ཚད་ལྡན་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པ་དང་། དེ་ནི་མེ་ཟོན་སྡེ་ཚན་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་འགན་ནུས་གང་ལེགས་སྒྲུབ་པ་དང་། སྲིད་འཛིན་ལས་ཁུངས་ཀྱིས་འགན་ནུས་སྒྲུབ་པར་སྐུལ་འདེད་གཏོང་བ། སྤྱི་ཕན་གཏུག་བཤེར་འཚོལ་ཞིབ་བྱེད་པ་བཅས་ཀྱི་བྱེད་ཐབས་ནུས་ལྡན་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།